ངོ་འཕྲད་བདེ་བའི་དྲ་འབྲེལ།

མེཀ་ཕེན་སིས་སྲིད་འཛིན་གཞོན་པའི་འོས་མིར་དང་ལེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་འཁོར་འདིར་ཨ་རིའི་སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཚོགས་བཞིན་ཡོད་པ་དང་། གཟའ་ལྷག་པའི་དགོང་མོར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་སྟེ། ཨིན་ཌི་ཡ་ཎ་མངའ་སྡེའི་སྤྱི་ཁྱབ་པ་མེཀ་ཕེན་སིས་སྲིད་འཛིན་གཞོན་པའི་འོས་མིར་དང་ལེན་གྱི་གཏམ་བཤད་བྱས་ཡོད་ཅིང་། ཁོང་གིས་ང་ཡེ་ཤུ་ཆོས་དད་པ་དང་རྙིང་ཞེན་ཅན་ཞིག་ཡིན། ང་སྤྱི་མཐུན་ཚོགས་པའི་ཚོགས་མི་ཞིག་ཡིན་དོན་དེ་ལྟར་ཡིན་ཞེས་བཤད་ཡོད་པ་དང་། སྤྱི་མཐུན་ཚོགས་པའི་ཚོགས་མི་རྙིང་ཞེན་ཅན་ཚོར་སྲིད་འཛིན་གཙོ་གཞོན་གཉིས་ཀྱི་འོས་མིའི་ལངས་ཕྱོགས་དང་ལྟ་བ་ཅི་ཡིན་ཐད་དོགས་པ་དང་བློ་འཚབ་ཡོད་པ་རྣམས་སེལ་ཐུབ་ཡོད་པ་མ་ཟད། མེཀ་ཕེན་སིས་སྤྱི་མཐུན་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་གཉིས་མཁྲེགས་འཛིན་རྒྱུའི་ཁས་ལེན་བྱས་པ་དང་། ཁོང་གིས་ང་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གཉིས་ཕྱི་ཟླ་༡༡་ཚེས་༨་ཉིན་གྱི་སྲིད་འཛིན་འོས་འདེམས་ལ་གྲ་སྒྲིག་ཡོད། ང་ཚོས་སླར་ཡང་ཨ་མི་རི་ཀའི་གཟི་བརྗིད་དང་ཆེ་མཐོང་སླར་གསོ་བྱ་དགོས་ཞེས་ཚོགས་མི་ཚོར་ནན་བརྗོད་བྱས་འདུག ང་ཚོ་སྲིད་འཛིན་གཙོ་གཞོན་གཉིས་ཀྱི་རུ་ཁག་འདི་གྲ་སྒྲིག་ཡིན། སྲིད་དོན་ཚོགས་པ་འདི་ཡང་གྲ་སྒྲིག་ཡིན། ང་ཚོ་ཐུན་མོང་གིས་ཌོ་ནལ་ཊམ་ཨ་མི་རི་ཀའི་སྲིད་འཛིན་༤༥་པ་དེར་འོས་འདེམས་བྱས་ཚེ། ང་ཚོས་སླར་ཡང་ཨ་མི་རི་ཀ་རླབས་ཆེན་གྱི་རྒྱལ་ཁབ་ཅིག་ལ་བསྒྱུར་ཐུབ་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG