ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པར་སྲིད་གཞུང་མགོ་རྟིང་སློག་ཐབས་ཀྱི་ཉེས་འཛུགས།


རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་ཁྲིམས་རྩོད་པའི་ཐོག་ཏུ་དྲག་གནོན་གྱི་ལས་འགུལ་སྐབས་སུ་འཛིན་བཟུང་བཀག་ཉར་བྱས་པའི་ཁྲིམས་རྩོད་པའི་ཁོངས་ནས་སྤྱི་དམངས་ཀྱི་ཐོབ་ཐང་རྩོད་མཁན་ཧྥང་ཧྲུད་ཁྲིམས་རྩོད་པའི་ལས་ཁུངས་ཀྱི་འགོ་ཁྲིད་ཁྲིམས་རྩོད་པ་གྲགས་ཅན་ཀྲུའུ་ཧྲེད་ཧྥང་ལ་སྲིད་དབང་མགོ་རྟིང་སློག་རྩིས་ཀྱི་ནག་ཉེས་ཐོག་ཏུ་ཁྲིམས་གཅད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་ཅིང་། སྲིད་གཞུང་གིས་དམ་དྲག་བྱས་པའི་ཁྲིམས་རྩོད་པའི་ལས་ཁུངས་དེས་ཚོར་སྣང་སྐྱེན་པའི་འགྱོད་དོན་ཁག་ཆབ་སྲིད་ལ་བསྒྱུར་ནས་རྒྱལ་སྤྱིའི་དོ་སྣང་ཡོང་ཐབས་བྱས་ཏེ་གཞུང་གི་ཁྲིམས་མཐུན་ལས་དོན་ལ་འགོག་རྐྱེན་དང་སྤྱི་ཚོགས་ཀྱི་བདེ་འཇག་ལ་གནོད་སྐྱོན་བཏང་ཡོད་ཅེས་སོགས་འགྲེལ་བརྗོད་བྱས་ཡོད་པ་མ་ཟད། ཁྲིམས་རྩོད་པ་ཀྲུའུ་ཧྲེད་ཧྥང་གི་ལས་རོགས་གཞནན་གསུམ་ལའང་སྲིད་གཞུང་མགོ་རྟིང་སློག་རྩིས་ཀྱི་ནག་ཉེས་གཅིག་མཚུངས་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG