ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་དམག་དོན་གསང་བ་རྐུ་འཁྱེར་བྱེད་མཁན་རྒྱ་མི་ཞིག་ལ་ཨ་རིའི་ཁྲིམས་ཁང་ནས་ཁྲིམས་བཅད་བཏང་བ།


ཨ་རིའི་མངའ་སྡེ་ཀེ་ལི་ཕྷོ་ནི་ཡའི་དབུས་གཞུང་གི་ཁྲིམས་ཁང་ནས་རྒྱ་ནག་གི་དམག་དོན་མི་སྣ་དང་ལག་འབྲེལ་གྱིས་གློག་ཀླད་ཀྱི་ཐོག་ནས་ཨ་རིའི་དམག་དོན་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་མཁན་རྒྱ་རིགས་ཚོང་པ་སུའུ་ཕིང་ལ་ལོ་བཞི་མ་ཟིན་ཙམ་གྱི་བཙོན་བཅུག་ཁྲིམས་བཅད་བཏང་ཡོད་པ་དང་། ཨ་རིའི་ཁྲིམས་དོན་མི་སྣ་ཚོས་སུའུ་ཕིང་ནས་༢༠༠༨ ལོ་ནས་༢༠༡༤ལོའི་བར་དུ་རྒྱ་ནག་ནང་གི་དམག་དོན་མི་སྣ་གཉིས་དང་འབྲེལ་བ་བྱས་ཏེ་ཨ་རིའི་དམག་གི་གནམ་གྲུ་བཟོ་སྐྲུན་གྱི་ལག་རྩལ་རྐུ་འཁྱེར་དང་གསང་བའི་ཡིག་ཆ་ཁག་ཡིག་བསྒྱུར་བྱས་ཏེ་རྒྱ་ནག་གི་དམག་དོན་ལས་ཁུངས་ལ་སྤྲད་པ་སོགས་ཀྱི་ནག་ཉེས་ཁས་ངོས་ལེན་བྱས་ཡོད་འདུག

XS
SM
MD
LG