ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཁང་གི་ཐག་གཅོད་དེར་ཁས་ལེན་བྱེད་ཀྱི་མེད་པ།


རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་མཚོ་གླིང་དེ་དག་རྒྱ་ནག་གི་མངའ་ཁོངས་ཡིན་པར་བརྗོད་ནས་ཁུལ་དེར་འཛུགས་སྐྲུན་གྱི་ལས་འཆར་མང་པོ་ཞིག་སྤེལ་ཡོད་པའི་རྐྱེན་གྱིས་ཧྥི་ལི་པིན་སྲིད་གཞུང་གིས་རྒྱལ་སྤྱིའི་ཁྲིམས་རྭར་ཞུ་གཏུགས་བྱས་པ་བཞིན། འདི་ཟླའི་ཚེས་༡༢་ཉིན་རྒྱལ་སྤྱིའི་བར་འདུམ་ཁྲིམས་ཁང་ནས་རྒྱ་ནག་གཞུང་གིས་བདག་དབང་རྩོད་གླེང་བྱས་པ་དེ་ཁུངས་ལུང་ མེད་པ་ཞིག་དང་། འཛུགས་སྐྲུན་ལས་འཆར་དེ་དག་གིས་ཁུལ་དེའི་ཁོར་ཡུག་ལ་གནོད་སྐྱོན་བཟོས་ཡོད་པར་སྐྱོན་བརྗོད་བྱས་ཡོད། ཡང་རྒྱ་ནག་གཞུང་གིས་འབྲེལ་ཡོད་ཁྲིམས་ཐག་བཅད་པ་དེར་ཁས་ལེན་མ་བྱས་པའི་ཐོག་རྒྱ་མཚོའི་མཚོ་ལམ་དེ་དག་དམག་ས་ཞིག་ཏུ་འགྱུར་སྲིད་པའི་ཉེན་བརྡ་བཏང་ཡོད་པ་སོགས་ཀྱི་སྐོར་རྒྱལ་སྤྱིའི་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG