ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་དམངས་གཙོ་ཚོགས་པས་ཆིག་སྒྲིལ་གྱི་ནུས་ཤུགས་ཕྱིར་སྟོན་བྱས་པ།



ཟླ་ཤས་རྗེས་ཨ་མི་རི་ཁའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་མཆོག་གི་ལོ་ངོ་བརྒྱད་རིང་གི་ལས་ཡུན་མཇུག་སྒྲིལ་ནས་ཕྱི་ཟླ་བཅུ་གཅིག་པའི་ནང་ཨ་མི་རི་ཁའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་ཡིན་ཞིང་། ད་ཐེངས་ཀྱི་འོས་བསྡུའི་བརྒྱུད་རིམ་ནང་གནས་ཚུལ་གསར་ཤོས་ནི་དམངས་གཙོ་ཚོགས་པས་ཆིག་སྒྲིལ་གྱི་རྣམ་པ་ཕྱིར་སྟོན་བྱས་ཤིང་། འོས་བསྡུའི་རྒྱལ་ཁ་ཐོབ་ཆེད་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཁ་ལིན་ཊན་དང་དམངས་གཙོ་ཚོགས་པའི་ནང་ཁོང་དང་མཉམ་དུ་འོས་བསྡུའི་འགྲན་རྩོད་ནང་ཞུགས་མཁན་སྐུ་ཞབས་སྦར་ཎི་སན་ཌར་ལྷན་དུ་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་འགོ་བཙུགས་པའི་སྐོར་འཕྲིན་ལས་ཆོས་སྒྲོན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG