ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀྲོ་རོན་ཀྲོའི་རུ་ཁག་ལ་རྒྱལ་ཡུམ་ཆེ་མོའི་རྐང་རྩེད་པོ་ལོའི་རྒྱལ་ཁ་ཐོབ་པ།


རེས་གཟའ་ཉི་མའི་ཉིན་ཁེ་ཎེ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོན་ནང་བྱང་ཨ་རི་ཁུལ་བོད་མིའི་རྐང་རྩེད་སྤོ་ལོའི་རུ་ཁག་ཚོའི་དབར་ཉིན་བདུན་གྱི་རྒྱལ་ཡུམ་ཆེ་མོ་དྲན་རྟེན་རྐང་རྩེད་སྤོ་ལོའི་གསེར་གྱི་གཟེངས་རྟགས་ཀྱི་འགྲན་སྡུར་ནང་ཀྲོ་རོན་ཀྲོ་ཆིག་བསྒྲིལ་རུ་ཁག་ལ་མཐའ་མའི་རྒྱལ་ཁ་ཐོབ་འདུག་པ་དང་། འགྲན་སྡུར་དེའི་ནང་བྱང་ཨ་རི་ཁུལ་ནང་རུ་ཁག་བཅུ་གཉིས་མཉམ་ཞུགས་བྱས་འདུག་པ་དང་། རུ་ཁག་རྣམས་བྱང་ཨ་རི་ཁུལ་གྱི་བོད་མི་འདུས་སྡོད་ཆེ་ཁག་ས་གནས་ཁག་ནས་ཕེབས་པ་རེད་འདུག རུ་ཁག་ཕན་ཚུན་འགྲན་སྡུར་རིམ་པར་བྱས་རྗེས་མཐའ་མའི་འགྲན་སྡུར་ནང་ཀྲོ་རོན་ཀྲོ་ཆོལ་གསུམ་རུ་ཁག་དང་ནིའུ་ཡོག་བོད་ཀྱི་རུ་ཁག་གཉིས་འགྲན་སྡུར་བྱས་འདུག་ཅིང་། དངོས་གཞིའི་དུས་ཚོད་ནང་རུ་ཁག་གཉིས་སུས་ཀྱང་རྒྱལ་ཕམ་གྱི་ཐག་གཅོད་ཐུབ་པའི་པོ་ལོ་སྒོའི་ནང་བླུག་ཐུབ་མེད་པར་བརྟེན། འགྲན་སྡུར་གྱི་སྒྲིག་སྲོལ་བཞིན་རུ་ཁག་རེ་ནས་མི་ལྔ་རེས་པོ་ལོ་སྒོའི་ནང་བླུག་རེས་བྱས་པར་མཐའ་མ་ཀྲོ་རོན་ཀྲོ་ཆོལ་གསུམ་རུ་ཁག་གིས་སྒོའི་ནང་པོ་ལོ་མང་བ་བླུག་ནས་རྒྱལ་ཁབ་ཐོབ་འདུག ཀྲོ་རོན་ཀྲོ་ཆོལ་གསུམ་རུ་ཁག་གི་རུ་དཔོན་ཨུ་རྒྱ་འཇིགས་མེད་ལགས་ཀྱིས་ད་རིང་ཁོང་ཚོའི་རུ་ཁག་ལ་རྒྱལ་ཁ་ཐོབ་པ་དེ་ཚང་མས་དུས་ཚོད་མང་པོ་བཏང་ནས་ཧུར་བསྐྱེད་བྱས་པའི་གྲུབ་འབྲས་ཡིན་པ་དང་། རྒྱལ་ཁ་དེ་མི་གཅིག་གི་རྒྱལ་ཁ་མིན་པར་རུ་ཁག་སྤྱི་ཡོངས་ཀྱི་རྒྱལ་ཁ་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག

XS
SM
MD
LG