ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལྕམ་ཐེ་རེ་ས་མཻ་སང་ཉིན་ནས་བཟུང་དབྱིན་ཇིའི་སྲིད་བློན་ཐུགས་འགན་བཞེས་ཀྱི་ཡོད་པ།


དབྱིན་ཇིའི་རྙིང་ཞེན་ཚོགས་པའི་དབུ་འཁྲིད་ལྕམ་ལེག་སམ་ཡུལ་དེའི་སྲིད་བློན་གྱི་འགྲན་བསྡུར་ནས་ཕྱིར་འཐེན་གནང་བའི་རྗེས་ལྕམ་ཐེ་རེ་ས་མཻ་མཆོག་ཡུལ་དེའི་སྲིད་བློན་རྗེས་མ་དེ་གནང་རྒྱུའི་ཐག་གཅོད་བྱུང་ཡོད་ཅིང་། སྲིད་བློན་ལས་ཐོགས་སྐུ་ཞབས་ཀེམ་རོན་མཆོག་གིས་སང་ཉིན་གཟའ་ལྷག་པའི་ཉིན་ཡུལ་དེའི་སྲིད་བློན་གྱི་ཐུགས་འགན་དེ་ལྕམ་ཐེ་རེ་ས་མཻ་ལ་རྩིས་འབུལ་གནང་འཆར་ཡོད་པ་སོགས་ཀྱི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་གནང་གི་རེད།

XS
SM
MD
LG