ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཚོར་དྲག་གནོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ན་ནིང་ཕྱི་ཟླ་༧་ཚེས་༩་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཚོར་དྲག་གནོན་བྱ་རྒྱུ་འགོ་ཚུགས་ཏེ། རྒྱ་ནག་རྒྱལ་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་བརྒྱ་ཕྲག་མང་པོ་འཛིན་བཟུང་དང་བཙོན་འཇུག ཁྲིམས་རྩོད་པ་མང་དག་ཅིག་རང་ཁྱིམ་ནས་བཙན་ཁྲིད་བྱས་ནས་ལོ་གཅིག་འཁོར་གྱི་ཡོད་རུང་། ད་དུང་ཡང་ཁོ་ཚོར་དངོས་སུ་ཁྲིམས་ཐག་བཅད་མེད་པ་དང་གཞུང་འབྲེལ་གྱི་ཉེས་འཛུགས་མ་བྱས་པ། བཀག་ཉར་ཁང་དུ་ཉར་འཛིན་བྱེད་ཀྱི་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རྣམས་ས་གནས་གང་དུ་ཡོད་མེད་དང་ཁོ་ཚོ་བདེ་ཐང་ཡིན་མིན། རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་དེ་དག་རང་ཁྱིམ་ནས་བཙན་ཁྲིད་བྱས་དོན་སོགས་ཀྱི་འགྲེལ་བཤད་གསལ་བོ་ཞིག་རྒྱག་གི་མེད་ཅིང་། ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཁྲིམས་རྩོད་པ་ཚོར་དྲག་གནོན་བྱེད་པའི་ལས་འགུལ་འདི་མགོ་བརྩམས་ནས་བཟུང་། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་ཁྲིམས་འཛིན་ལམ་ལུགས་ཡར་རྒྱས་འགྲོ་རྒྱུའི་རེ་བ་བཅངས་པ་སྟོང་ཟད་དུ་གྱུར་ཏེ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་ཚོར་རྒྱ་ནག་སླར་ཡང་མའོ་ཙེ་ཏུང་གི་མུན་ནག་དུས་སྐབས་དེར་ཕྱིར་ལོག་བྱ་སྲིད་ཅེས་སྐྲག་སྣང་ཞིག་འབྱུང་གི་ཡོད་པ་རེད།།

XS
SM
MD
LG