ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དྲ་རྒྱའི་ཐོག་ལ་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་མཚན་སྙན་ལ་གནོད་འཚེ་ཡོང་གི་ཡོད་པ།


རྒྱ་ནག་ནང་དུ་དྲ་རྒྱའི་བརྒྱུད་ལམ་ཁྱབ་སྤེལ་ཤུགས་ཆེ་ཕྱིན་པ་དེས་དམར་ཤོག་ཚོགས་པའི་ལོ་རྒྱུས་ཐོག་ལ་འཚོར་སྣང་སྐྱེན་པའི་གནས་ཚུལ་མང་པོ་ཞིག་ཕྱིར་འཐོན་གྱི་ཡོད་པ་དང་དཔེ་ན་འཛམ་གླིང་དམག་ཆེན་གཉིས་པའི་གོང་དང་སྐབས་སུ་ཉི་ཧོང་ལ་ཁ་གཏད་ཀྱི་དམག་འཁྲུག་ནང་གོ་མིང་ཏང་གི་བྱས་རྗེས་དང་དེ་བཞིན་རིག་གནས་གསར་བརྗེ་དང་མདུན་བསྐྱོད་ཆེན་པོའི་སྐབས་ཀྱི་གནས་ཚུལ་དངོས་མང་པོ་ཞིག་ཕྱིར་འཐོན་ནས་ད་བར་གྱི་གུང་ཁྲན་ཏང་དམར་ཤོག་གཞུང་གིས་འགྲེལ་བརྗོད་བྱས་པ་དང་མི་འདྲ་བའི་གནས་ཚུལ་མང་པོ་ཞིག་མང་ཚོགས་ནས་ཤེས་རྟོགས་ཡོང་གི་ཡོད་པས་དམར་ཤོག་ཚོགས་པའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལ་གནོད་འཚེ་ཡོང་བཞིན་པར་བརྟེན་རྒྱ་ནག་གི་འགོ་ཁྲིད་ཚོར་བློ་ཚབ་ཡོང་གི་ཡོད་པ་རེད།

XS
SM
MD
LG