བཙན་བྱོལ་རྒྱ་གར་ལྷོ་ཕྱོགས་ཀྱི་སེ་ར་བྱེས་གྲྭ་ཚང་གི་ཡིག་ཆའི་ཁུངས་ཏེ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་དཔེ་བསྡུར་གྱི་ལས་གཞི་མི་ལོ་བཞི་དང་ཕྱེད་ཀ་ལྷག་གི་རྗེས་སུ་ལེགས་གྲུབ་བྱུང་ཡོད་པ་རེད། ཞིབ་ཚགས་བྱས་པའི་དཔེ་སྡུར་གྱི་ལས་གཞི་དེ་ཐེངས་དང་པོ་ཆགས་ཡོད་པ་རེད། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་མཆོག་གི་གསུང་འབུམ་ནི་བོད་ཕྱི་ནང་གཉིས་སུ་བོད་ཀྱི་རི་བོ་དགེ་ལུགས་པའི་དགོན་སྡེ་མང་པོའི་ནང་སློབ་གཉེར་བྱེད་རྒྱུའི་ཡིག་ཆ་གཙོ་བོ་ཞིག་ཡིན་པ་དང་། གསུང་འབུམ་དཔེ་སྡུར་གྱི་ལས་གཞི་དེ་བྱེས་ཀྱི་སེ་ར་བྱེས་དགོན་པས་གོ་སྒྲིག་དང་པར་བསྐྲུན་ཞུས་པ་དང་། དགེ་བཤེས་ཡ་མ་བསོད་ནམས་ལགས་ཀྱིས་ལས་གཞིའི་འགན་རྐང་བཞེས་པ་དང་། ཁོང་གི་སློབ་མ་༩༠ ལྷག་གིས་ལས་གཞིར་ཕྱག་ལས་གནང་ཡོད་པ་རེད། སེ་ར་བྱེས་གྲྭ་ཚང་གིས་ལས་གཞི་དེ་འཆར་འགོད་དང་གོ་སྒྲིག་གནང་པ་དང་། ཐེ་ཝན་གྱི་དཔེ་བསྐྲུན་ཁང་ཞིག་གིས་རོགས་རམ་འོག་པོད་ ༡༦ བྱས་པའི་གསུང་འབུམ་པར་བསྐྲུན་གནང་ཡོད་པ་རེད།