ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་དབུ་བཞུགས་ཐོག་ཏུ་འཁྲུངས་སྐར་སྲུང་བརྩི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ལོ་༡༩༣༥་ལོའི་ཕྱི་ཟླ་༧་པའི་ཚེས་༦ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁྲུངས་ཏེ། ད་ཆ་དགུང་གྲངས་ ༨༡་ལ་ཕེབས་པའི་སྐུའི་འཁྲུགས་སྐར་ཉིན་མོ་འདིར་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག དེ་བཞིན་ནང་པ་སངས་རྒྱས་པའི་ཆོས་ལ་དད་གུས་ཡོད་མཁན་ལ་སོགས་མི་མང་པོས་རྣམ་པ་འདྲ་མིན་གྱི་སྒོ་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་འདི་སྲུང་བརྩི་ ཞུ་བཞིནཡོད་ཅིང་། འདི་ག་རླུང་འཕྲིན་ཁང་གིས་དེང་སྐབས་་༧གོང་ས་མཆོག་ཆིབས་སྒྱུར་གནང་ཡུལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་བོད་མིའི་གཞིས་ཆགས་སུ་༧གོང་ས་མཆོག་དབུ་བཞུགས་ཐོག་ཏུ་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་ཡུལ་དེ་ནས་ བརྟན་བཞུགས་ཚོགས་ཆུང་གི་འགན་འཛིན་དགའ་ལྡན་བྱང་རྩེ་རྡོ་ར་ཁམས་ཚན་གྱི་སྤྲུལ་སྐུ་འཇམ་དབྱངས་ ཡོན་ཏན་ལགས་སུ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

XS
SM
MD
LG