ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ལིང་ཅི་ཧྭ་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ།


རྒྱ་ནག་གི་ཐེན་ཅིན་གྲོང་ཁྱེར་གྱི་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་ཡི་དུས་སྐབས་ཀྱི་མཐོ་རིམ་འགོ་ཁྲིད་གྲས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་གཞུང་ལས་ཁང་གི་འགན་འཛིན་ཟུར་པ་ལིང་ཅི་ཧྭ་ལ་ཁྲིམས་བཤེར་བྱས་ནས་ཨ་སྒོར་ས་ཡ་༡༡་དང་འབུམ་༦་ལྐོག་ཟ་བྱས་པ་དང་དབང་ཆེ་བེད་སྤྱོད་ལོག་པ་བཏང་བ། ཁོ་པས་ཁྲིམས་འགལ་ཐོག་ཏུ་རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་བྱས་པ་སོགས་ཀྱི་ནག་ཉེས་འགའ་ཞིག་བཙུགས་ཡོད་ཅིང་། ལིང་ཅི་ཧྭའི་མཉམ་དུ་ཡུན་ནན་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་སོགས་གཞུང་གི་མཐོ་རིམ་འགོ་ཁྲིད་གཞན་པ་བདུན་ལའང་ཁྲིམས་ཐག་བཅད་འདུག ཁ་སྔོན་ཕྱི་ཟླ་༦་ཚེས་༧་ཉིན་རྒྱ་ནག་གཞུང་གིས་ལིང་ཅི་ཧྭ་ལ་ཁྲིམས་ཐག་བཅད་པ་དེ་རིང་ཕྱི་ཟླ་༧་ཚེས་༤་བར་དུ་ཕྱིར་བསྒྲགས་བྱས་མེད་པ་དང་། ལིང་ཅི་ཧྭས་སྲིད་འཛིན་ཧུ་ཅིན་ཐའོ་ཡི་དུས་སྐབས་སུ་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལས་འཐུས་མི་དགུའི་གྲས་ཀྱི་འཐུས་མི་དང་དབུས་དམར་ཤོག་ཚོགས་པའི་གཞུང་ལས་ཁང་གི་འགན་འཛིན། རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་དང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་བཅས་ཀྱི་གོ་གནས་རིམ་པ་ཞིག་བཟུང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG