བོད་ཕྱི་ནང་གི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ། ཉེ་ཆར་ཁམས་སྡེ་དགེ་རྫོང་ཁུལ་གྱི་བོད་མི་ཞིག་ལ་རྒྱ་ནག་གི་ཉེན་རྟོག་པས་གཅར་རྡུང་བཏང་ནས་དམར་གསོད་བཏང་ཡོད་པའི་གནས་ཚུལ་ཐོན་ན་ཡང་། དེར་གནས་ཚུལ་ཞིབ་ཕྲ་དང་ཁུངས་ལྡན་ཞིག་མཁོ་འདོན་གནང་མཁན་མ་བྱུང་བས་ད་ལྟའི་བར་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་བཏང་ཐུབ་མེད། ཡིན་ན་ཡང་ཁ་སང་བསྐྱར་དུ་གནས་ཚུལ་ཅུང་ཙམ་རྒྱས་པ་ཞིག་རེག་པ་རྣམས་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།