ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

པདྨ་ཚེ་བརྟན་འཛིན་བཟུང་བཀག་ཉར་སྔ་རྗེས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་རྩོམ་པ་པོ་པདྨ་ཚེ་བརྟན་ལགས་མཚོ་སྔོན་ཟི་ལིང་གི་གནམ་ཐང་ནས་བདེ་སྲུང་མི་སྣས་བཙན་ཁྲིད་དང་བཀག་ཉར་བྱས་པའི་་རྗེས་བཀག་ཉར་ཁང་དུ་གཟུགས་གཞི་མ་བདེ་པར་སྨན་ཁང་ལ་སྐྱེལ་ཏེ་ད་ལྟའི་ཆར་སྨན་ཁང་དུ་བདེ་སྲུང་མི་སྣའི་ལྟ་རྟོག་འོག་ཡོད་པ་རེད། ཚེས་༢༩ཉིན་གྱི་ཞོགས་པར་ཝིས་པོ་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་དུ་གནས་ཚུལ་ཁུངས་ལྡན་ཐོན་པ་ལྟར་ན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་རྩོམ་པ་པོ་པདྨ་ཚེ་བརྟན་ལགས ཟླ་བ་འདིའི་ཚེས་༢༥ཉིན་གྱི་དགོང་དྲོ་པེ་ཅིན་ནས་ཟི་ལིང་གི་གནམ་ཐང་དུ་འབྱོར་སྐབས། ཁོང་གི་ཅ་དངོས་ཤིག་ལེན་རྒྱུ་བརྗེད་དེ་གནམ་ཐང་ལ་ཕར་ཅ་ལག་ལེན་དུ་བསྐྱོད་དུས་གནམ་ཐང་གི་བདེ་སྲུང་མི་སྣས་ལག་པར་ལྕགས་སྒྲོག་བརྒྱབ་སྟེ་བཙན་ཁྲིད་བྱས་དང་། ཞོགས་པ་ཆུ་ཚོད་བཞི་བ་ཙམ་བར་དུ་འདྲི་རྩད་བྱས་རྗེས་ཟི་ལིང་གི་བཀག་ཉར་ཁང་ཞིག་ནང་བཀག་ཉར་བྱེད་བཞིན་ཡོད་འདུག ཕྱིས་སུ་བཀག་ཉར་ཁང་དུ་པདྨ་ཚེ་བརྟན་ལགས་མགོ་ན་བ་དང་བྲང་གཞི་ཚ་བ་སོགས་ཀྱི་ནད་རྟགས་ཐོན་ཏེ་སྨན་ཁང་དུ་སྐྱེལ་ཡོད་པ་ལས། སྨན་ཁང་གིས་བརྟོག་དཔྱད་བྱེད་པ་བརྒྱུད་ཁོང་གི་གཟུགས་གཞིའི་སྟེང་དུ་རྡུང་རྡེག་ཕོག་པའི་རྟགས་མཚན་མང་དུ་ངོན་པ་ཤེས་རྟོགས་བྱུང་ཡོད་ཅིང་ད་ལྟ་ད་དུང་ཡང་སྨན་ཁང་དུ་ལྟ་རྟོག་འོག་ཡོད་པའི་གནས་ཚུལ་སྤེལ་ཡོད། གནས་ཚུལ་དེ་ཕྱི་བསྒྲགས་བྱུང་བའི་རྗེས། རྒྱ་ནག་ནང་གི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ཏེ། པདྨ་ཚེ་བརྟན་ལགས་ཟི་ལང་གནམ་ཐང་ནས་བཙན་ཁྲིད་བཀག་ཉར་གྱིས་རྡུང་རྡེག་བཏང་བའི་གནས་ཚུལ་གོ་བར་བློ་ཕམ་ཆེན་པོ་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་པདྨ་ཚེ་བརྟན་ལགས་མགྱོགས་མྱུར་གློད་བཀྲོལ་དང་གནས་ཚུལ་ཞིབ་ཚགས་འགྲེལ་བརྗོད་བྱེད་དགོས་པའི་དགོས་འདུན་བཏོན་ཡོད། དེ་དང་ཕྱོགས་མཚུངས་ཟི་ལིང་གནམ་ཐང་གི་བདེ་སྲུང་ཚན་པས་གསལ་བསྒྲགས་སྤེལ་ཏེ། པདྨ་ཚེ་བརྟན་ལགས་ཀྱིས་གནམ་ཐང་གི་སྒྲིག་གཞི་གཏོར་བའི་རྐྱེན་གྱིས་ཉིན་ལྔའི་རིང་་བཀག་ཉར་བྱ་རྒྱུ་དང་གཞན་ཡང་ཉེན་རྟོག་པས་རྡུང་རྡེག་བཏང་མེད་ཚུལ་བརྗོད་འདུག ད་ལྟ་པདྨ་ཚེ་བརྟན་ལགས་བཀག་ཉར་བྱས་ཏེ་ཡོད་པའི་གནས་ཚུལ་རྣམས་རྒྱལ་སྤྱིའི་གསར་ཁང་ཁག་ཏུ་ཐོན་ཡོད་པ་མ་ཟད་པདྨ་ཚེ་བརྟན་ལགས་ཀྱི་ལོ་རྒྱུས་སོགས་ཀྱི་ཐད་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG