ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཏུར་ཀིའི་གནམ་ཐང་ལ་གཏོར་རྒོལ་བྱུང་ནས་མི་ ༤༡ ལ་སྲོག་སྐྱོན་བྱུང་བ།


རེས་གཟའ་མིག་དམར་ཉིན་ཏུར་ཀིའི་གྲོང་ཁྱེར་ཨིས་ཏམ་བྷུལ་རྒྱལ་སྤྱིའི་གནམ་ཐང་དུ་གཏོར་རྒོལ་གྱི་དོན་རྐྱེན་བྱུང་ནས་མི་ ༤༡ ལ་སྲོག་སྐྱོན་དང་ཉིས་བརྒྱ་ལྷག་ལ་རྨས་སྐྱོན་བྱུང་འདུག་པ་དང་། ད་ལྟའི་འཆར་དེའི་བྱེད་ལྟེ་སུ་ཡིན་ངོས་ལེན་བྱེད་མཁན་བྱུང་མེད་ནའང་། གཏོར་རྒོལ་བྱུང་སྟངས་ལ་གཞིགས་ཚེ་ཨའི་སིས་ཟེར་བའི་ཁ་ཆེའི་རྒྱལ་འཛུགས་དྲག་སྤྱོད་པ་ཡིན་པར་བློ་དྭོགས་བྱེད་ཀྱི་ཡོད་པ་རེད། ཏུར་ཀིའི་སྲིད་འཛིན་ཏ་ཡིབ་ ཨིར་ཌ་གྷོན་གྱིས་ ད་ལམ་གྱི་གཏོར་རྒོལ་དེ་ནི་རྒྱལ་སྤྱི་ཁྱོན་ཡོངས་ནང་འཇིགས་བསྐུལ་དྲག་སྤྱོད་པར་གདོང་ལེན་ཁ་གཏད་ཀྱི་ལས་འགུལ་ལ་ཁ་ཕྱོགས་གསར་པའི་འགོ་འཛུགས་ཡིན་པ་དང་། དེ་ཡང་ཆོས་དད་དང་ལྟ་གྲུབ་ཀྱི་རིན་ཐང་ལ་ཁྱད་པར་མེད་པར་འཇིགས་བསྐུལ་དྲག་སྤྱོད་ཡོངས་ལ་ཁ་གཏད་གདོང་ལེན་བྱེད་དགོས་ཀྱི་རེད་ཅེས་གསུངས་འདུག

XS
SM
MD
LG