ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བཞུགས་སྒར་དུ་རྒྱལ་སྤྱིའི་མནར་གཅོད་དང་ངན་གོམས་འགོག་པའི་ཉིན་མོར་སྲུང་བརྩི།


ཕྱི་ཟླ་དྲུག་པའི་ཚེས་༢༦གི་ཉིན་མོ་དེ་ནི་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཁྱོན་ཡོངས་སུ་མནར་གཅོད་དང་ངན་གོམས་འགོག་པའི་ཉིན་མོར་གཏན་འབེབས་གནང་སྟེ་ ལོ་ངོ་༣༢འགྲོ་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་པས་ དེ་ཉིན་ འཛམ་གླིང་གི་ས་ཕྱོགས་གང་སར་ དུས་དྲན་ལ་སྲུང་བརྩིའི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་པ་བཞིན་ བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་ཡང་ དབུས་བོད་མིའི་སྒྲིག་འཛུགས་དང་ གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ཀྱིས་ རྒྱ་ནག་གི་དབང་བསྒྱུར་འོག་བཙོན་དུ་སྡུག་སྦྱོང་མནར་གཅོད་དྲག་པོ་མྱངས་དང་ མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱ་རྒྱུར་དམིགས་པའི་བྱེད་སྒོ་འདྲ་མིན་སྣ་ཚོགས་ཤིག་སྤེལ་ཡོད་པ་རེད།

XS
SM
MD
LG