ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་མཁའ་དབྱིངས་སྲུང་སྐྱོང་ཁུལ་འཛུགས་རྒྱུ་མེད་པའི་ཉེན་བརྡ།


རྒྱ་ནག་གིས་ ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་མཁའ་དབྱིངས་སྲུང་སྐྱོང་ས་ཁུལ་འཛུགས་རྒྱུའི་འཆར་གཞི་གང་འདྲ་ཅིག་ལག་བསྟར་བྱས་པ་ཡིན་རུང་ དེ་འཁོན་རྩོད་སློང་གཞི་དང་ བརྟན་ལྷིང་ལ་གནོད་གཞིའི་བྱ་སྤྱོད་ཅིག་ལ་ཨ་མི་རི་ཀའི་གཞུང་གིང་ངོས་འཛིན་བྱ་རྒྱུ་ཡིན་ཞེས་ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཇོན་ ཀཱེ་རིས་ རེས་གཟའ་ཉི་མའི་ཉིན་གསུངས་ཡོད་འདུག་ དེ་ཡང་ རྒྱ་ནག་གིས་ ལྷོ་རྒྱ་ནག་རྒྱ་མཚོ་ཧ་ལམ་ཡོངས་རྫོགས་རང་ལ་བདག་གི་ཡོད་པའི་རྩོད་གླེང་བྱེད་ཀྱི་ཡོད་པ་དེའི་ཐད་ ཕྷི་ལི་པིན་གཞུང་གིས་རྒྱ་ནག་རྒྱལ་སྤྱིའི་ཁྲིམས་ལ་སྦྱར་ཡོད་པས་ འབྱུང་འགྱུར་གཟའ་འཁོར་ཁ་ཤས་ཀྱི་ནང་ཚུད་དུ་ རྒྱལ་སྤྱིའི་ཁྲིམས་ཁང་གིས་གྱོད་གཞི་དེའི་ཐད་ཐག་གཅོད་ཇི་བྱས་གསལ་བསྒྲགས་གནང་འཆར་ཡོད་ཅིང་ གསལ་བསྒྲགས་དེའི་རྗེས་སུ་རྒྱ་ནག་གིས་ ལྷོ་རྒྱ་མཚོའི་ཁུལ་དུ་གནམ་གྲུ་གང་བྱུང་འཕུར་བསྐྱོད་མི་ཆོག་པའི་དམིགས་བསལ་མཁའ་དབྱིངས་སྲུང་སྐྱོང་ས་ཁུལ་ཞིག་འཛུགས་རྒྱུའི་ཐག་གཅོད་བྱེད་སྲིད་པའི་ཐད་ ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་རྣམས་ཀྱིས་བློ་འཚབ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG