ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་དམག་ཞབས་འདས་པོ་ཚོའི་ཆེད་རྗེས་དྲན་ཉིན་མོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རེས་གཟའ་ཉི་མའི་ཉིན་ཨ་རིའི་དམག་ཞབས་ཟུར་པ་སྟོང་ཚོ་མང་པོས་འབྲུག་སྒྲ་གཅིག་ཏུ་བསྒྲིལ་པ་ཞེས་པའི་བྷག་བྷག་བཞོན་ནས་རྒྱལ་ས་ཝ་ཤིན་ཀྲོན་གྱི་ཁྲོམས་གཞུང་དུ་བསྐོར་བསྐྱོད་གནང་འདུག་པ་དང་། ཉི་མོ་དེ་ནི་ཨ་རིའི་ནང་དམག་ཆེན་དང་པོ་དང་གཉིས་པ། དེ་བཞིན་ཀོ་རི་ཡ་དམག་འཁྲུག་དང་ཝེཏ་ནམ་དམག་འཁྲུག་སོགས་ཀྱི་ནང་འདས་གྲོངས་སོང་བའི་དམག་ཞབས་འདས་པོ་རྣམས་ལ་རྗེས་དྲན་དང་གུས་བསྐུར་ཞུ་བའི་སྔ་ནུབ་ཏུ་ཨ་རིའི་མངའ་སྡེ་གང་ས་ནས་འབྱོར་བའི་དམག་ཞུབས་ཟུར་པ་ཚོས་སྤེལ་བའི་བྱེད་སྒོ་ཞིག་ཡིན་པ་རེད། འབྲུག་སྒྲ་གཅིག་ཏུ་བསྒྲིལ་པའི་བསྐོར་བསྐྱོད་ཅེས་པའི་དམག་ཞབས་ཟུར་པ་ཚོས་བྷག་བྷག་བཞོན་ནས་ལོ་འཁོར་དྲན་གསོ་བྱེད་སྲོལ་འདི་ ༡༩༨༨ ལོར་འགོ་འཛུགས་བྱས་ཡོད་པ་དང་། དེ་ནི་དམག་འཁྲུག་ནང་ཨ་རིའི་དམག་མི་གར་སོང་མེད་པར་འགྱུར་བའམ། ཡང་ན་དམག་འཁྲུག་སྐབས་འཛིན་བཟུང་བྱས་པའི་བཙོན་པ་ཚོར་རྗེས་དྲན་དང་གུས་བསྐུར་ཞུ་བའི་ཆེད་ལོ་ལྟར་སྲུང་རྩིས་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG