ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཟི་ཁྲོན་ནས་བོད་བར་མེ་འཁོར་ལྕགས་ལམ་གསར་པ་ཞིག་རྒྱག་འཆར་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ཟི་ཁྲོན་ཞིང་ཆེན་ནས་བོད་བར་མེ་འཁོར་ལྕགས་ལམ་ཞིག་གསར་རྒྱག་བྱ་རྒྱུའི་འཆར་གཞི་འདིངས་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག ཟི་ཁྲོན་ཞིང་ཆེན་ནས་བོད་བར་གསར་རྒྱག་བྱ་རྒྱུའི་མེ་འཁོར་ལྕགས་ལམ་གྱི་ལས་འཆར་འདི་མཚོ་བོད་མེ་འཁོར་ལྕགས་ལམ་ལས་ལྡབ་གཅིག་ཙམ་གྱི་ཐུང་བ་ཡིན་མོད། འོན་ཀྱང་། ལྕགས་ལམ་འདི་གསར་རྒྱག་བྱ་རྒྱུར་མཚོ་བོད་མེ་འཁོར་ལྕགས་ལམ་ལས་དུས་ཡུན་ལྡབ་གསུམ་ཙམ་གྱི་མང་བ་འགོར་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག དེ་བཞིན། ཟི་ཁྲོན་ནས་བོད་བར་གྱི་མེ་འཁོར་ལྕགས་ལམ་གྱི་ལས་འཆརའདིའི་འགྲོ་འགྲོན་དེ་མི་དམངས་ཤོག་སྒོར་ཐེར་འབུམ་༡༠༥ འམ་ཨ་སྒོར་ཐེར་འབུམ་༡༦ ཙམ་འགྲོ་རྒྱུའི་ཚོད་རྩིས་བྱེད་བཞིན་ཡོད་པ་ལྟར། འགྲོ་འགྲོན་འདི་མཚོ་བོད་མེ་འཁོར་ལྕགས་ལམ་གྱི་འགྲོ་འགྲོན་ལས་ལྡབ་མང་པོས་ཆེ་རུ་འགྲོ་རྒྱུའི་ཚོད་རྩིས་བྱེད་བཞིན་ཡོད་པ་རེད། གནས་ཚུལ་ཐོན་གསལ་ལ་གཞིགས་ན། རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནས་བོད་བར་གསར་རྒྱག་བྱ་རྒྱུའི་མེ་འཁོར་ལྕགས་ལམ་འདིའི་རིང་ཚད་དེ་ཀི་ལོ་མི་ཊར་ཆིག་སྟོང་༦༢༩ ཡིན་པ་དང་། བོད་རང་སྐྱོང་ལྗོངས་དང་ཟི་ཁྲོན་ཞིང་ཆེན་གཉིས་ཀྱི་ས་གནས་སྲིད་གཞུང་གིས་གསལ་བསྒྲགས་བྱས་དོན་ལ། ཟི་ཁྲོན་ནས་བོད་བར་གྱི་མེ་འཁོར་ལྕགས་ལས་འཆར་འདི་གང་མགྱོགས་འགོ་འཛུགས་ཐུབ་པ་བྱ་རྒྱུ་ཡིན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་བློ་བཟང་འཇམ་བྱངས་ཀྱིས་གསུངས་དོན་ལ། སྲིད་གཞུང་གིས་འདི་ལོ་རང་ལྕགས་ལམ་གྱི་ལས་འཆར་འདིའི་ཐད་སྔོན་འགྲོའི་ཞིབ་འཇུག་བྱ་རྒྱུ་ཡིན་པ་དང་། ཐེངས་༡༣ པའི་ལོ་ལྔ་ཚན་གྱི་འཆར་འགོད་ནང་ཟི་ཁྲོན་ནས་བོད་བར་གྱི་མེ་འཁོར་ལྕགས་ལམ་གྱི་ལས་འཆར་འདི་གང་མགྱོགས་ལག་བསྟར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ཕྱོགས་མཚུངས། རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་འགོ་གཙོ་ཡིན་ལི་ཡིས། ཟི་ཁྲོན་ནས་བོད་བར་གྱི་ལྕགས་ལམ་གསར་ལག་རྒྱག་གི་ལས་འཆར་འདི་གང་མྱུར་འགོ་འཛུགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG