ངོ་འཕྲད་བདེ་བའི་དྲ་འབྲེལ།

སངས་རྒྱས་འཁྲུངས་ནས་ལོ་ ༢༥༦༠ འཁོར་བར་རྡོ་རྗེ་གདན་དུ་མཛད་སྒོ་འཚོགས་པ།


སངས་རྒྱས་བཅོམ་ལྡན་འདས་འཁྲུངས་ནས་ལོ་ ༢༥༦༠ འཁོར་བར་རྒྱ་གར་འཕགས་པའི་ཡུལ་གྱི་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་པའི་མཛད་སྒོར་བོད་རྒྱུད་ནང་བསྟན་གྱི་སྐུ་ཚབ་རྣམས་གཙོས་ནང་པའི་རྒྱལ་ཁབ་མང་པོའི་སྐུ་ཚབ་རྣམས་མཉམ་བཞུགས་གནང་པ་དང་། བོད་རྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་ཚོས་ཚེས་བཅོ་ལྔའི་ཉིན་ཆུ་མངར་མོ་ལི་ཊར་འབུམ་བཞི་ལྷག་ཙམ་སྦྱིན་པ་བཏང་འདུག ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་གྱི་ནང་པའི་དུས་ཆེན་སྐབས། རྒྱ་གར་སྲིད་འཛིན་དང་སྲིད་བློན་གཉིས་ཀྱིས་སངས་རྒྱས་ཆོས་ལུགས་ལ་ཆེ་བསྟོད་གནང་གནང་ཡོད་པ་རེད།

XS
SM
MD
LG