ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ལོ་༢༠༡༤་ལོར་ཨ་རིའི་བྷི་སི་ཊོན་དུ་༧གོང་ས་མཆོག་ཆིབས་བསྒྱུར་གནང་སར་དོལ་རྒྱལ་ཚོགས་པའི་མི་སྣས་ངོ་རྒོལ་བྱས་པ་དང་། སྐབས་དེར་ངོ་རྒོལ་བའི་གྲས་སུ་ཡོད་པའི་བློ་བཟང་རྒྱལ་མཚན་གྱིས་བྷོ་སི་ཊོན་དུ་གནས་སྡོད་བོད་མི་ངག་དབང་ནོར་བུ་ལགས་ལ་རྡོག་ཐོ་བཞུས་པའི་གནས་ཚུལ་ཐོན་ཡོད་པ་ལྟར། ད་རེས་གཟའ་ཟླ་བའི་ཉིན་ས་གནས་ཁྲིམས་ཁང་གིས་ཉེས་ཆད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG