ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་རྒྱལ་གླུ་གཏོང་མཁན་བཀག་ཉར་དང་ཉེས་བརྡུང་བཏང་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བར་ལམ་བོད་ནང་གི་བོད་མི་ཕོ་གཞོན་ཞིག་གིས་བོད་ཀྱི་ནང་གཏོང་མི་ཆོག་པའི་བོད་ཀྱི་རྒྱལ་གླུ་བཏང་བའི་བརྙན་པར་ཞིག་གང་སར་ཁྱབས་བརྡལ་ཆེན་པོ་སོང་ཡོད་པ་དང་། ད་ལྟ་འདི་ནས་ཤེས་རྟོགས་བྱུང་དོན་ལྟར་ན། ཁམས་དཀར་མཛེས་ནས་ཡིན་པའི་བོད་མི་མིང་ལ་པདྨ་དབང་ཆེན་ཟེར་གྱི་ཡོད་པ་དེས་བོད་ཀྱི་ལོ་གསར་ཚེས་ལྔའི་ཉིན་རྒྱལ་གླུ་བཏང་བ་དང་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་མི་དམངས་འདུ་འཛོམ་སར་རྒྱང་བསྒྲགས་ནང་བཤད་པར་བརྟེན་ཉེ་ཆར་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཉིན་༡༥་ཡི་རིང་ལ་བཀག་ཉར་བྱས་ཡོད་པ་རེད། གནས་ཚུལ་རྒྱུས་མངའ་ཡོད་པའི་མི་སྣས་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་བཀག་ཉར་བྱེད་རིང་ལ་ཉེན་རྡུང་དྲག་པོ་བཏང་ཡོད་པའི་རྟགས་མཚན་ཡོད་པ་དང་། མཛུབ་ཆུང་མའམ་མཐེའུ་ཆུང་གོ་ཆོད་མེད་པར་གྱུར་ཡོད་པ་རེད།

XS
SM
MD
LG