ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

དབྱར་རྩ་དགུན་འབུ་ཟས་སུ་སྤྱོད་ཆོག་མིན་གྱི་ཚོད་ལྟའི་ལས་གཞི་ཕྱིར་འཐེན།


ཉེ་ཆེར་རྒྱ་ནག་གཞུང་གིས་བོད་མི་དམངས་ཀྱི་འཚོ་བར་ཐད་ཀར་འབྲེལ་བ་ཡོད་པའི་དབྱར་རྩ་དགུན་འབུ་ཟས་སུ་སྤྱོད་ཆོག་མིན་ཚོད་ལྟ་བྱེད་པའི་ལས་གཞི་ཞིག་གཉེར་རྒྱུ་ཡིན་པའི་གསར་བསྒྲགས་ཐེངས་གཉིས་བྱས་ཡོད་ཅིང་། དེར་བརྟེན་བོད་པ་མང་པོ་ཞིག་ལ་མ་འོངས་པར་དབྱར་རྩ་དགུན་འབུའི་ཚོང་ལས་དེ་ཅི་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་བློ་དོགས་བྱ་དགོས་པའི་གནས་ཚུལ་བྱུང་བ་དང་། ཐེངས་འདིའི་གངས་རིའི་བྲག་ཅའི་ལེ་ཚན་ནང་དུ་ལེ་ཚན་གཙོ་སྐྱོང་བ་ཡེ་ཤེས་རྡོ་རྗེས་རྒྱ་ནག་གཞུང་གི་གསར་བསྒྲགས་གཉིས་དང་། དེ་བཞིན་གནད་དོན་འདིའི་ཐད་ཀྱི་རྒྱལ་སྤྱིའི་མཁས་པ་ཁག ད་དུང་འབྲེལ་ཡོད་མི་སྣ་ཁག་གཅིག་ལ་བཅར་འདྲི་ཞུས་པོའི་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་དེ་གསན་རོགས་གནང་། །

XS
SM
MD
LG