ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་དང་རྒྱ་ནག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམས་ཉི་ཧོང་གི་ཧི་རོ་ཤི་མ་གྲོང་ཁྱེར་ལ་ཚོགས་འདུ་ཚོགས་ཏེ། ཁོ་ཚོས་ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་འབྱུང་གི་ཡོད་པར་ངོ་རྒོལ་ཡོད། ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་གླིང་ཕྲན་ཁག་གི་བདག་དབང་རྣམས་རང་སོར་འཇོག་དགོས། ཨེ་ཤི་ཡའི་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་སློང་རྒྱུ་ཚོད་འཛིན་བྱ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམ་པའི་གསར་འགོད་གསལ་བསྒྲགས་དེར་རྒྱ་ནག་གིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། ཕྱི་ཟླ་༤་ཚེས་༡༢་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ང་ཚོས་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱིས་མངའ་ཁོངས་བདག་རྩོད་ཀྱི་རྩོད་གཞི་དེར་ཕྱོགས་འཐེན་མི་བྱ་ཞེས་དམ་བཅའ་བཞག་པ་རྩ་འཛིན་བྱ་དགོས་པའི་ནན་བརྗོད་བྱེད་བཞིན་ཡོད། འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་དཔལ་འབྱོར་བདག་སྐྱོང་དང་མཉམ་འབྲེལ། ད་ལྟ་སྟོབས་ཤུགས་རྒྱས་ཐུབ་ཀྱི་མེད་པའི་འཛམ་གླིང་གི་དཔལ་འབྱོར་དེ་འཕེལ་རྒྱས་ཇི་ལྟར་གཏོང་དགོས་མིན་ལ་དམིགས་པ་གཏོད་དགོས་པ་ལས། ཁོ་ཚོས་དཀྲོག་རྐྱེན་སློང་བ་དང་འཁྲུག་རྩོད་བསླངས་ན་དགེ་མཚན་མེད་ཅེས་དགག་པ་བརྒྱབ་འདུག ཁ་སང་གཟའ་ཟླ་བའི་ཉིན་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་རྣམ་པས་ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལ་སུ་ཞིག་གིས་སྡིགས་ར་བསྐུལ་པ་དང་བཙན་དྲག་བསྐུལ་པ། སུ་ཞིག་གིས་རང་ངོས་ནས་འཁྲུག་རྩོད་བསླངས་ཀྱང་ང་ཚོས་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བ་བྱ་རྒྱུ་ཡིན། སུ་ཞིག་གིས་འཐེན་རྩོད་བསླང་ན་ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་གླིང་ཕྲན་ཁག་གི་གནས་བབ་ལ་འགྱུར་བ་ཐེབས་སྲིད་ཅེས་བཤད་ཀྱང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཕལ་ཆེ་བ་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བདག་རྩོད་བྱེད་ཀྱི་ཡོད་པ་མ་ཟད། ཤར་རྒྱ་ནག་རྒྱ་མཚོའི་ནང་དུའང་རྒྱ་ནག་དང་ཉི་ཧོང་གཉིས་ལ་གླིང་ཕྲན་ཁག་ཅིག་གི་བདག་དབང་ཐོག་ཏུ་རྩོད་གླེང་འབྱུང་གི་ཡོད་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་གཏེར་ཁག་ཕྱུག་པོ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པས། རྒྱ་ནག་གིས་བྲག་རྡོའི་སྟེང་དུ་ཨར་འདམ་བླངས་ནས་གླིང་ཕྲན་གསར་པ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དང་། གླིང་ཕྲན་གསར་པ་འཛུགས་སྐྲུན་བྱ་ཡུལ་གྱི་ཉེ་འཁོར་ཐམས་ཅད་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་ས་ཆ་བདག་འཛིན་བྱེད་ཀྱི་ཡོད་རུང་། ཧྥི་ལི་ཕིན་དང་ཝིཏ་ནམ། རྦུ་རུ་ནེ་དང་མ་ལེ་ཤི་ཡ། ཐེ་ཝན་བཅས་ཀྱིས་ཀྱང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་གླིང་ཕྲན་ཁག་གི་བདག་དབང་རྩོད་ཀྱི་ཡོད་པ་དང་། དེར་བརྟེན་ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་དེ་དག་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་ཉི་ཧོང་དང་རྒྱ་ནག ཧྥི་ལི་ཕིན་དང་ཝིཏ་ནམ། མ་ལེ་ཤི་ཡ་དང་རྦུ་རུ་ནེ། ཐེ་ཝན་དང་རྒྱ་ནག་བཅས་ཀྱི་རྩོད་གཞི་ཆེན་པོ་ཞིག་ལ་གྱུར་ཡོད་པ་རེད།།

XS
SM
MD
LG