ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༣/༠༦/༠༦

པ་ན་མའི་ཡིག་ཆ་དང་ཞིས་ཅིན་ཕིང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་པ་ན་མའི་ཡིག་ཆ་ཞེས་པའི་གསང་བའི་ཡིག་ཆ་ཤོག་གྲངས་ས་ཡ་འགའ་ཞིག་ཕྱི་ལ་ཐོན་ཏེ། འཛམ་གླིང་གི་འབྱོར་ལྡན་པ་དང་སྲིད་དོན་པ། མི་སྣ་གྲགས་ཅན་དང་དབང་ཐང་ཅན་བརྒྱ་ཕྲག་མང་པོས་རང་གི་དངུལ་སྒོར་རྣམས་ཕྱི་རྒྱལ་ལ་བཏང་ནས་མ་རྩ་བཙུགས་པ་དང་། ཁོ་ཚོས་རང་གི་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་དཔྱ་ཁྲལ་འཇལ་རྒྱུ་གཡོལ་ཐབས་བྱེད་ཀྱི་ཡོད་པ་གསལ་སྟོན་བྱུང་བས། དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་པ་ན་མའི་ཡིག་ཆ་དེ་གསར་འགྱུར་ཆེན་པོ་དང་མི་མང་གི་དོ་སྣང་བྱ་ཡུལ། ལྷག་པར་དུ་པ་ན་མའི་ཡིག་ཆ་ཐོན་པའི་རྗེས་སུ་ཨ་ཡི་སི་ལན་ཌའི་སྲིད་བློན་གྱིས་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཐུག་ཅིང་། པ་ན་མའི་ཡིག་ཆའི་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་གཅེན་མོའི་ཁྱོ་ག་དང་། རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་གཞན་གཉིས་ཀྱི་བུ་མོ་དང་བུ་མོའི་མག་པ་བཅས་ཀྱི་མིང་ཐོ་ཐོན་རུང་། ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཏང་སྲིད་དམག་གི་སྲིད་དབང་ཆ་ཚང་བཟུང་སྟེ། ཁོང་གིས་རྒྱ་ནག་གི་སྤྱི་ཚོགས་སུ་གཏམ་བརྗོད་རང་དབང་བཀག་པ་དང་གསར་འགྱུར་ལ་ཞིབ་བཤེར། རྒྱ་ནག་མི་དམངས་ལ་པ་ན་མའི་ཡིག་ཆའི་ནང་དོན་རྣམས་གཏན་ནས་ཤེས་རྟོགས་ཐུབ་ཏུ་འཇུག་གི་མེད་པས། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཁག་ཅིག་ལ་མིང་ཆད་ངན་པ་གང་འཚམས་རེ་འཕོག་སྲིད་ཀྱང་ཞིས་ཅིན་ཕིང་ལ་མིང་ཆད་ངན་པའམ། ཡང་ན་ཞིས་ཚང་གི་བཟའ་མི་གཉེན་ཚན་སོགས་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱུ་དངོས་ཅི་ཙམ་ཡོད་མེད་ཞིབ་འཇུག་བྱ་ཐུབ་རྒྱུ་ཁག་པོ་ཡིན་པ་ཞེས་ཉམས་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG