ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱལ་ཡུལ་ཆེན་མོ་གསར་གྱི་རྟགས་མའི་རྐང་རྩེད་སྤོ་ལོའི་འགྲན་སྡུར་བྱེད་བཞིན་པ།


The Gyalyum Chemo Memorial Gold Cup 2005
The Gyalyum Chemo Memorial Gold Cup 2005


ད་ལོའི་རྒྱལ་ཡུམ་ཆེན་མོ་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོའི་འགྲན་སྡུར་དེ་རྒྱ་གར་ལྷོ་ཕྱོགས་མོན་གྷོཊ་བོད་མིའི་གཞིས་ཆགས་སུ་འགོ་འཛུགས་བྱས་འདུག་པ་དང་། ད་ལོའི་འགྲན་སྡུར་ནང་རྒྱ་གར་དང་བལ་ཡུལ་ནས་རུ་ཁག་ཉི་ཤུ་ལྷག་མཉམ་ཞུགས་བྱས་འདུག་ཅིང་། ཕྱི་ཟླ་བདུན་པའི་ནང་ཡུ་རོབ་དང་བྱང་ཨ་རི་ཁུལ་གྱི་རུ་ཁག་ཚོའི་འགྲན་སྡུར་དེ་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོར་གོ་སྒྲིག་གནང་རྒྱུ་ཡིན་འདུག བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་གྲུབ་ལགས་ཀྱིས་གསུངས་དོན་ལ་ མོན་གྷོཊ་འདོད་རྒུ་གླིང་གཞིས་ཆགས་ན་གཞོན་རྩེད་རིགས་ཚོགས་པས་རྐང་རྩེད་སྤོ་ལོའི་རྩེད་ཐག་གསར་རྒྱག་དང་གཞིས་ཆགས་དེ་གསར་འཛུགས་བྱས་ནས་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་བཅས་ཀྱི་ཆེད་ད་ལོའི་འགྲན་སྡུར་དེ་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། རྩེད་འགྲན་ནང་ཞུགས་མཁན་མང་ཤོས་ལོ་ན་གཞོན་པ་ཤ་སྟགས་ཡིན་པར་བརྟེན་རྐང་རྩེད་སྤོ་ལོའི་གནས་ཚད་སོགས་གང་ཅིར་ཡར་རྒྱས་ཆེན་པོ་སོང་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག རྩེད་འགྲན་གྱི་མཐའ་མའི་འགྲན་སྡུར་ཕྱི་ཚེས་ ༡༤ ཉིན་བྱ་རྒྱུ་ཡིནཔ་རེད།

XS
SM
MD
LG