ངོ་འཕྲད་བདེ་བའི་དྲ་འབྲེལ།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༡་པ་མཇུག་བསྒྲིལ་པ།


ཕྱི་ཟླ་༤་པའི་ཚེས་༡་ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༡་པའམ། ཚོགས་དུས་མཐའ་མ་དེ་མཇུག་བསྒྲིལ་ཡོད་ཅིང་། ཚོགས་ཆེན་མཇུག་སྒྲིལ་ཉིན་མོར་ཐེངས་འདིའི་གྲོས་ཚོགས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་བྱུང་ཁག་དང་འབྲེལ་ཡོད་གནད་དོན་མང་པོ་ཞིག་ལ་གྲོས་ཆོད་གྲོས་འཆར་བཞག་པ་ཁག་གསལ་བསྒྲགས་བྱས་པ་མ་ཟད། ༢༠༡༦་ལོའི་འོས་བསྡུ་ཆེན་མོའི་རྒྱུད་རིམ་ཁྲོད་དུ་གཅིག་སྒྲིལ་ལ་གནོད་གཞིའི་གནད་དོན་བྱུང་བ་ཁག་ལའང་བཀའ་མོལ་བྱུང་སྟེ། གཞུང་འབྲེལ་གྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱུང་བའི་རྗེས་སུ་འོས་མི་སུ་ལ་རྒྱལ་ཁ་ཐོབ་ཀྱང་བོད་མི་ཚང་མས་ནུས་པ་མཉམ་སྤུངས་ཀྱིས་རྒྱབ་སྐྱོར་བྱ་དགོས་ཞེས་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་དང་སྲིད་སྐྱོང་རྣམ་པ་གཉིས་ཀས་འབོད་སྐུལ་གནང་ཡོད་པ་རེད།།

XS
SM
MD
LG