ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རང་ལུས་མེར་སྲེག་གཏོང་མཁན་ཞིག་ལོ་གསུམ་བཙོན་འཇུག་བྱས་པའི་རྗེས་གློད་བཀྲོལ།



རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱ་རྒྱུའི་ཆེད་དུ་ ཕྱི་ལོ་༢༠༡༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༧ཉིན་ ས་གནས་ཀྱི་ཉེན་རྟོག་པའི་ལས་ཁུངས་ཀྱི་མདུན་དུ་རང་ལུས་མེར་སྲེག་གཏོང་མཁན་ རྔ་བ་སྔོ་ཤུལ་དགོན་པའི་དགེ་འདུན་པ་ཞིག་ རྒྱ་ནག་གཞུང་གིས་ལོ་གསུམ་དང་ཟླ་བ་གསུམ་གྱི་རིང་བཙོན་འཇུག་བྱས་པའི་རྗེས་མཐར་ ལོ་འདིའི་ཕྱི་ཟླ་གསུམ་པའི་ཚེས་༧ཉིན་གློད་བཀྲོལ་བཏང་ཡོད་འདུག་ དེ་ཡང་ ཕ་ཡུལ་དང་ ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་བཅས་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན་ བསམ་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ སྐབས་དེར་ཁོང་འདས་གྲོངས་སུ་གྱུར་མེད་ནའང་ ཁོང་གི་ལུས་ལ་མེས་ཚིགས་པའི་རྨ་ཤུལ་ད་ལྟའང་ཡོད་པ་དང་ རྒྱ་གཞུང་གིས་འདས་པའི་ལོ་གསུམ་ལྷག་བཙོན་འཇུག་བྱས་པའི་དུས་ཡུན་གྱི་རིང་ ཉི་འོད་ཧ་ལམ་ཕོག་ས་མེད་པའི་བཙོན་ཁང་གི་ཁང་མིག་ཁུག་ཀྱོག་གཅིག་གི་ནང་བཅུག་སྟེ་བཞག་པའི་རྐྱེན་གྱིས་ མིག་ཡང་གསལ་ལ་མི་གསལ་ཆགས་པ་སོགས་ཀྱི་དཀའ་ངལ་ཡོད་འདུག

XS
SM
MD
LG