ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ལྷོ་རྒྱ་ནག་རྒྱ་མཚོའི་ནང་སྲོག་ཆགས་གསོད་མཁན་རྒྱ་མི་༤༡ཐེ་ཝན་གྱིས་འཛིན་བཟུང་བྱས་ཡོད་པ།



ལྷོ་རྒྱ་ནག་རྒྱ་མཚོའི་ནང་ ཐེ་ཝན་གྱི་འཛིན་སྐྱོང་འོག་ཡོད་པའི་གླིང་ཕྲན་ཞིག་ཏུ་ རྒྱ་མི་ཉ་བ་༤༡ཀྱིས་བྱུ་རུའི་སྡོང་པོ་ལྗིད་ཚད་ཀྲོན་༡༥དང་ སྟོང་ལ་ཉེ་བའི་རྒྱ་མཚོའི་རུས་སྦལ་ལྗང་ཁུ་དང་ ཉ་ལ་སོགས་པ་མཚོ་ནང་གི་སྲོག་ཆགས་ཀྱི་རིགས་མང་པོ་ཞིག་བསད་དེ་འཁྱེར་ཡོད་པར་བརྟེན་ ཐེ་ཝན་གྱི་མཚོ་ཁ་སྲུང་དམག་གིས་རྒྱ་མི་ཉ་བ་དེ་དག་འཛིན་བཟུང་བྱས་ཡོད་འདུག་ དེ་ཡང་ ཕྱི་ཟླ་གསུམ་པའི་ཚེས་༢༨ རེས་གཟའ་ཟླ་བའི་ཉིན་ ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོས་བརྗོད་དོན་ལྟར་ན་ གནས་ཚུལ་དེ་ཚེས་༢༢ཉིན་ ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་པི་རཱ་ཊྶ་གླིང་ཚོམ་གྱི་ནང་བྱུང་ཡོད་པ་དང་ དེ་གར་རྒྱ་ནག་སྐམ་སའི་ཉ་བའི་གྲུ་ཞིག་གིས་ཉ་འཛིན་དང་ དེ་མིན་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་གྱི་ཡོད་པའི་སྐོར་ ཐེ་ཝན་གྱི་མཚོ་ཁ་སྲུང་དམག་ལ་གསང་བའི་གནས་ཚུལ་འབྱོར་བར་བརྟེན་ ཐེ་ཝན་གྱི་མཚོ་ཁ་སྲུང་དམག་གི་གྲུ་གཟིངས་ཆེ་བ་གཅིག་དང་ ཆུང་བ་གསུམ་དེ་གར་ཞིབ་འཇུག་བྱེད་པར་བསྐྱོད་དེ་ ཁུལ་དེར་འབྱོར་བའི་སྐབས་རྒྱ་ནག་སྐམ་སའི་ཉ་བའི་གྲུ་གཟིངས་ཆེན་པོ་ཞིག་ཡོད་པ་དེའི་ནང་ནས་བྱུ་རུའི་སྡོང་པོ་ཕོན་ཆེ་ཞིག་དང་ སྟོང་ལ་ཉེ་བའི་རྒྱ་མཚོའི་རུས་སྦལ་ལྗང་ཁུ་གསུམ་དང་ ཉའི་རིགས་འདྲ་མིན་བཅས་ཐོན་པ་མ་ཟད་ ད་དུང་ཉ་གསོད་བྱེད་ཀྱི་རྫས་འགྱུར་ལྗིད་ཚད་ཀི་ལོ་གྷ་རམ་༤༠ཐོན་ཡོད་སྟབས་ ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རྒྱ་ནག་སྐམ་སའི་ཉ་བ་མི་གྲངས་༤༡ཡོད་པ་དེ་དག་ཐེ་ཝན་གྱི་མཚོ་ཁ་སྲུང་དམག་གིས་འཛིན་བཟུང་བྱས་ཡོད་པ་རེད།

XS
SM
MD
LG