ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་པ་ཚོས་ཞིས་ཅིན་ཕིང་ལ་ངོ་རྒོལ།



རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་ཆེཀ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་ཡོད་པ་དང་། རྒྱ་ནག་པ་ཁག་ཅིག་གིས་སྐར་ལྔའི་དར་དམར་འཁྱེར་པ་དང་སྟོད་གོས་དམར་པོ་གྱོན་ནས་ཞིས་ཅིན་ཕིང་ལ་དགའ་བསུ་ཞུས་ཀྱང་། ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་པ་ཚོས་རྒྱ་ནག་གི་རྒྱལ་དར་མར་ཕབ་པ་དང་། ཁོ་ཚོས་རྒྱ་ནག་གི་རྒྱལ་དར་གྱི་ཤུལ་དེར་བོད་ཀྱི་རྒྱལ་དར་བཀལ་པའམ། ཡང་ན་རྒྱ་ནག་གི་སྐར་ལྔའི་དར་དམར་སྟེང་དུ་སྣག་ཚ་ནག་པོ་བྱུག་ཅིང་། བོད་དོན་རྒྱབ་སྐྱོར་པ་ཁག་ཅིག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་ནས་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱས་འདུག དེར་བརྟེན་ཞིས་ཅིན་ཕིང་ལ་དགའ་བསུ་མཁན་རྒྱ་ནག་པ་ཁག་ཅིག་གིས་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་དོན་རྒྱབ་སྐྱོར་པ་ཚོར་རྒོལ་འཛིང་བྱས་ཏེ། ཁོ་ཚོས་བོད་ཀྱི་རྒྱལ་དར་འཕྲོག་ནས་རལ་ཐབས་བྱས་པ་དང་། ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེན་རྟོག་པ་ཚོས་བོད་དོན་རྒྱབ་སྐྱོར་པ་དང་ཞིས་ཅིན་ཕིང་ལ་དགའ་བསུ་ཞུ་མཁན་ཚོར་བར་འགོག་བྱ་དགོས་ཐུག་ཡོད་པ་རེད།།

XS
SM
MD
LG