ངོ་འཕྲད་བདེ་བའི་དྲ་འབྲེལ།

སྟོན་པ་ཡེ་ཤུའི་འདས་ལོག་དུས་ཆེན་ཉིན་པ་ཀི་སི་ཐན་གྱི་ཡེ་ཤུ་ཚོར་རྒོལ་རྡུང་།


གཟའ་ཟླ་བའི་ཉིན་པ་ཀི་སི་ཐན་གྱི་ཉེན་རྟོག་པ་ཚོས་ལཱ་ཧོར་གྲོང་ཁྱེར་གྱི་ས་གནས་ཁག་ལྔ་ལ་གློ་བུར་དུ་འཇབ་རྒོལ་བྱས་ཏེ་འཇིགས་སྐུལ་རིང་ལུགས་པ་ཡིན་སྲིད་པའི་མི་སྣ་དོགས་གཞི་ཅན་མང་པོ་ཞིག་འཛིན་བཟུང་བྱས་པ་དང་། གློ་བུར་དུ་རྒོལ་བྱ་ཡུལ་ཁག་ནས་མེ་མདའ་དང་མདེའུ་འཕོན་ཆེན་ཞིག་རྙེད་ཡོད་རུང་། པ་ཀི་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཚོས་ས་གནས་གང་གང་ལ་གློ་བུར་དུ་འཇབ་རྒོལ་བྱས་ཡོད་མེད་དང་། འཇིགས་སྐུལ་རིང་ལུགས་པར་འབྲེལ་བ་ཡོད་སྲིད་པའི་མི་སྣ་དོགས་ཅན་ཅི་ཙམ་འཛིན་བཟུང་བྱས་ཡོད་མེད། མེ་མདའ་དང་མདེའུ་ཅི་ཙམ་རྙེད་སོན་བྱུང་མིན་གྱི་གྲངས་འབོར་གསལ་བོ་ཞིག་གཏན་ནས་ཕྱིར་བསྒྲགས་བྱས་མེད་ཅིང་། ཁ་ཆེ་དྲག་སྤྱོད་པའི་སྒྲིག་འཛུགས་ཤིག་གིས་གཟའ་ཉི་མའི་གཏོར་རྒོལ་དེ་པ་ཀི་སི་ཐན་གྱི་ཡེ་ཤུ་ཆོས་དད་པ་ཚོར་ཆེད་དུ་དམིགས་པ་ཡིན་ཞེས་ལན་ཁག་ངོས་ལེན་བྱས་འདུག

XS
SM
MD
LG