ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷེལ་ཇམ་ལ་ཕེབས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཉེ་ཆར་ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་ལ་འཇིགས་སྐུལ་རིང་ལུགས་པ་ཚོས་གཏོར་རྒོལ་བྱས་ནས་བཟུང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་བྷེལ་ཇམ་གྱི་རྒྱལ་ས་རྦུ་ར་སིལ་སི་ལ་སེམས་གསོར་ཕེབས་མཁན་ཕྱི་རྒྱལ་གྱི་མཐོ་རིམ་འགོ་ཁྲིད་སྔ་གྲས་ཤིག་ཡིན་ཞིང་། དེ་རིང་གཟའ་པ་སངས་ཉིན་ཨ་རིའི་ཕྱི་དྲུང་ཆེ་ཇཱོན་ཁེ་རིས་བྷེལ་ཇམ་གྱི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་གཉིས་ལ་དུས་ཡུན་ཆུ་ཚོད་ལྔའི་རིང་དུ་ཐུག་འཕྲད་བྱས་ཏེ། ཨ་མི་རི་ཀས་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་དེར་ཞིབ་འཇུག་བྱས་ནས་བྷེལ་ཇམ་ལ་རོགས་རམ་བྱ་འདོད་ཡོད་ཅེས་བསྐྱར་ཟློས་བྱས་པ་དང་། ཇཱོན་ཁེ་རིས་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ལའང་ཐུག་འཕྲད་བྱས་ནས་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ཕོག་ཡུལ་ཏེ། བྷེལ་ཇམ་གྱི་གནམ་ཐང་དེར་མེ་ཏོག་གི་ཕྲེང་བ་ཕུལ་ཡོད་པ་དང་། ཕྱི་ཟླ་༣་ཚེས་༢༢་ཉིན་འཇིགས་སྐུལ་རིང་ལུགས་པ་ཚོས་བྷེལ་ཇམ་གྱི་རྒྱལ་ས་རྦུ་ར་སིལ་སི་རྒྱལ་སྤྱིའི་གནམ་ཐང་ལ་གཏོར་རྒོལ་བྱས་པ་མ་ཟད། གྲོང་ཁྱེར་གྱི་ས་འོག་མེ་འཁོར་ནང་དུའང་གཏོར་རྒོལ་བྱས་ནས་མི་༣༡་བསད་པ་དང་། མི་༢༧༠་ཡས་མས་ཤིག་ལ་རྨས་སྐྱོན་ཕོག་སྟེ་འཛམ་གླིང་དམག་གཉིས་པའི་རྗེས་སུ་བྷེལ་ཇམ་གྱི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་གཏོར་རྒོལ་ཚབས་ཆེན་ཞིག་ཕོག་ཅིང་། བྷེལ་ཇེམ་གྱི་གནམ་ཐང་དང་ས་འོག་མེ་འཁོར་ནང་དུ་འཆི་རྨས་བྱུང་བ་དེ་དག་གི་གྲས་སུ་རྒྱལ་ཁབ་བཅུ་གྲངས་ཤིག་གི་སྤྱི་དམངས་ཚུད་ཡོད་པ་རེད། །

XS
SM
MD
LG