ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཅེག་སྤྱི་མཐུན་གྱི་གྲོས་ཚོགས་ནང་གསུམ་བཅུའི་དུས་དྲན་ལ་མྱ་ངན་ཞུས་པར་རྒྱ་ནག་མ་དགའ་བ།



ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རང་དབང་སྒེར་ལངས་དྲན་གསོ་ཞུ་ཆེད་སྐར་མ་གཅིག་རིང་ངག་བཅད་མྱ་ངན་ཞུས་པ་དང་། རིག་གཞུང་བློན་ཆེན་གྱིས་དུས་དྲན་གྱི་འགྲེལ་བཤད་གནང་ཡོད་པར་བརྟེན་རྒྱ་ནག་གི་གཞུང་ཚབ་ཁང་གིས་ཅེག་གཞུང་འབྲེལ་མི་སྣ་ཐུག་འཕྲད་བྱེད་སྐབས། དེར་འདོད་བློ་མེད་པའི་རྣམ་འགྱུར་བསྟན་པ་མ་ཟད། ཡོང་རྒྱུའི་རྒྱ་ནག་གི་སྲིད་འཛིན་གྱི་སྐོར་བསྐྱོད་སྐབས་ཤུགས་རྐྱེན་ངན་པ་ཐེབས་རྒྱུ་རེད་ཅེས་ཉེན་བརྡ་བཏང་ཡོད་ཀྱང་། ཅེག་སྤྱི་མཐུན་གྱི་བློན་ཆེན་གྱིས་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་དེ་འཕྲལ་སེལ་གྱི་ཚོང་འབྲེལ་ཁེ་ཕན་གྱི་ཆེད་དུ་ཕམ་ཚོང་རྒྱག་ཐུབ་ཐབས་མེད་ཅེས་གསུངས་ཡོད་པ་རེད།

XS
SM
MD
LG