ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བྷེལ་ཇམ་ནང་འཇིགས་བསྐུལ་བས་འབར་རྫས་ཀྱི་གཏོར་རྒོལ་བྱས་འདུག


ཡུ་རོབ་ཀྱི་རྒྱལ་ཁབ་བྷེལ་ཇམ་གྱི་རྒྱལ་ས་བྷུ་ར་སེལྶ་རྒྱལ་སྤྱིའི་གནམ་ཐང་དང་ས་འོག་རི་ལིའི་བབས་ཚུགས་བཅས་ལ་འབར་རྫས་ཀྱི་གཏོར་རྒོལ་བྱུང་ནས་མི་སུམ་ཅུ་སོ་གྲངས་ལ་སྲོག་སྐྱོན་དང་། དེ་ལས་མང་བར་རྨས་སྐྱོན་བྱུང་འདུག་པ་དང་། བྷེལ་ཇམ་གཞུང་གིས་རྒྱལ་ཁབ་ནང་འཇིགས་བསྐུལ་དྲག་སྤྱོད་པའི་ཉེན་ཁའི་ཚད་གཞི་མཐོ་རུ་བཏང་ནས་ཕྱི་ནས་ཡོང་མཁན་འགྲུལ་སྐྱེལ་གནམ་གྲུ་རྣམས་ཕྱིར་ལོག་བྱེད་དགོས་པ་དང་། གྲོང་ཁྱེར་ནང་ས་འོག་རི་ལི་སོགས་འགྲིམ་འགྲུལ་གྱི་ཚན་པ་ཚང་མ་འགྲོ་འོང་མཚམས་འཇོག་བྱེད་དགོས་པ་དང་། མི་མང་ཚོར་སོ་སོའི་རང་ཁྱིམ་དུ་སྡོད་དགོས་པའི་བཀའ་ཁྱབ་བཏང་འདུག་པ་མ་ཟད། ཡུ་རོབ་ཁྱོན་ཡོངས་ཀྱི་གནམ་ཐང་ཁག་ལ་སྲུང་སྐྱོབ་ཀྱི་དམ་བསྒྲགས་ཆེ་རུ་བཏང་འདུག ཕྷི་རན་སིའི་སྲིད་འཛིན་ཕྷི་རན་ཤིའོ་ཨོ་ལན་ཌིས་གསུངས་དོན་ལ་ འཇིགས་བསྐུལ་དྲག་སྤྱོད་པས་བྷུ་ར་སེལྶ་གྲོང་ཁྱེར་ལ་གཏོར་རྒོལ་བྱས་ཡོད་ནའང་། གཏོར་རྒོལ་དེའི་དམིགས་ཚད་ཡུ་རོབ་ཁྱོན་ཡོངས་ལ་བྱས་པ་རེད་ཅེས་གསུངས་ནས་འཇིགས་བསྐུལ་དྲག་སྤྱོད་པ་དང་འཐབ་རྒོལ་དེ་རྒྱུན་རིང་གི་འཐབ་རྩོད་གཅིག་ལ་གྱུར་ཡོད་ཅེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG