ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཨོ་བྷ་མས་སྐྱུ་བྷའི་ནང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཚམས་གཟིགས།


ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་སྐྱུ་བྷའི་ནང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་དོན་འཚམས་གཟིགས་ཆེད་ཁ་སང་ཡུལ་དེར་ཕེབས་འབྱོར་གནང་འདུག་པ་དང་། ད་རིང་སྲིད་འཛིན་རའུལ་ ཀས་ཏྲོ་དང་མཇལ་ནས་རྒྱལ་ཁབ་གཉིས་དབར་སྔར་མེད་འབྲེལ་བ་གསར་དུ་འཛུགས་ཐུབ་རྒྱུར་གྲོས་མོལ་གནང་རྒྱུ་ཡིན་པ་རེད། སྲིད་འཛིན་ཨོ་བྷ་མའི་ལྷན་དུ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་དང་ཚོང་ལས་སྡེ་ཚན་གྱི་མི་སྣ། དེ་བཞིན་སྐྱུ་བྷའི་མི་རིགས་ཡིན་པའི་ཨ་རི་བ་སོགས་སྐུ་ཚབ་ཚོགས་པ་མཉམ་ཁྲིད་གནང་ཡོད་པ་དང་། རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་ཨོ་བྷ་མས་སྐྱུ་བྷའི་ཚོང་འབྲེལ་མི་སྣ་ཚོའི་ལྷན་དུ་ཨ་རི་དང་སྐྱུ་བྷའི་དབར་ཚོང་འབྲེལ་གོང་འཕེལ་གཏོང་ཕྱོགས་ལ་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད། སྲིད་འཛིན་ཨོ་བྷ་མས་ཉིན་གསུམ་རིང་སྐྱུ་བྷའི་ནང་འཚམས་གཟིགས་གནང་རྒྱུན་རེས་གཟའ་མིག་དམར་ཉིན་སྐྱུ་བྷའི་རྒྱལ་ཡོངས་བརྙན་འཕྲིན་བརྒྱུད་གསུང་བཤད་གནང་རྒྱུ་ཡིན་པ་དང་། གསུང་བཤད་དེའི་ནང་སྲིད་འཛིན་ཨོ་བྷ་མས་ཨ་རི་དང་སྐྱུ་བྷའི་དབར་མ་འོངས་པའི་འབྲེལ་བའི་ཕུགས་བསམ་སྐོར་གསལ་བཤད་གནང་རྒྱུ་ཡིན་པ་རེད།

XS
SM
MD
LG