ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་འཛུགས་སྐྲུན་དང་ས་ཆ་བཙན་འཕྲོག་གི་སྔ་ལྟོས།


རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་ཧྥི་ལི་ཕིན་གྱི་གླིང་ཕྲན་ཞིག་བཙན་འཕྲོག་བྱས་པ་དང་། ཧྥི་ལི་ཕིན་གྱིས་རྒྱ་ནག་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་གཏུགས་ནས་ཁ་མཆུ་བཙུགས་ཏེ། ད་ནས་བདུན་ཕྲག་འགའ་ཞིག་གི་རྗེས་སུ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་གྱོད་གཞི་དེར་ཐག་གཅོད་བྱ་འཆར་ཡོད་ཀྱང་། རྒྱ་ནག་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ངོས་ལེན་བྱེད་ཀྱི་མེད་པ་དང་། ཧྥི་ལི་ཕིན་གྱིས་བཙུགས་པའི་ཁ་མཆུ་དེར་རྒྱ་ནག་གིས་ངོ་ཡ་ཡང་བྱེད་ཀྱི་མེད་པས། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཛ་དྲག་ཅན་ཞིག་ལ་འགྱུར་གྱི་ཡོད་ཅིང་། ཨ་མི་རི་ཀའི་མཚོ་དམག་གི་འགོ་ཁྲིད་ཅིག་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གིས་ལོ་བཞིའི་གོང་དུ་ཧྥི་ལི་ཕིན་གྱི་གླིང་ཕྲན་ཞིག་བཙན་འཕྲོག་བྱས་ཏེ། ད་ལྟ་གླིང་ཕྲན་དེའི་ཐོག་ཏུ་རྒྱ་ནག་གིས་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལ་མངའ་ཁོངས་བདག་རྩོད་ཡོད་པ་གཅིག་པུ་མིན། རྒྱ་ནག་གིས་གཞན་གྱི་ས་ཆ་མང་ཙམ་བཙན་འཕྲོག་བྱ་རྒྱུའི་སྔ་ལྟོས་ཤིག་ཡིན་སྲིད་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG