ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་མངའ་སྡེ་ལྔའི་ནང་དུ་སྔོན་འགྲོའི་འོས་བསྡུ།


ཨ་མི་རི་ཀའི་སྲིད་འཛིན་གྱི་འོས་བསྡུའི་ཆེད་དུ་མངའ་སྡེ་ལྔའི་ནང་དུ་གཟའ་མིག་དམར་གྱི་ཉིན་སྔོན་འགྲོའི་འོས་བསྡུ་བྱེད་ཀྱི་ཡོད་པ་རེད་ སྤྱི་མཐུན་སྲིད་དོན་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མིའི་ནང་ནས་སྔོན་སྐྱོད་པ་ཚོང་པ་ཆེན་པོ་སྐུ་ཞབས་ཊི་རམ་ཕུ་དང་ དམངས་གཙོ་སྲིད་དོན་ཚོགས་ཁོངས་ཀྱི་སྲིད་འཛིན་འོས་མི་སྔོན་སྐྱོད་པ་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་ཁེ་ལིན་ཊོན་གཉིས་གཙོ་བོར་གྱུར་བའི་སྲིད་འཛིན་འོས་མིའི་འགྲན་རྩོད་ནང་ཞུགས་མཁན་ཚོས་མངའ་སྔེ་ལྔའི་ནང་གི་སྔོན་འགྲོའི་འོས་བསྡུ་དེའི་ནང་འོས་ཤོག་འཐོབ་རྒྱུའི་འབད་བརྩོན་ཤུགས་ཆེ་གནང་བཞིན་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG