ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ལྷོ་རྒྱ་ནག་རྒྱ་མཚོའི་ཐད་མཱ་ལཱེ་ཤི་ཡས་ཨཽ་སི་ཀྲེ་ལི་ཡ་དང་གྲོས་བསྡུར་བྱ་རྒྱུ་ཡིན་པ།


བདག་དབང་གི་ཐད་རྒྱལ་ཁབ་མང་པོས་རྩོད་གླེང་བྱེད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ རྒྱ་ནག་གིས་མཚོན་ཆ་གྲབས་གཤོམས་བྱ་རྒྱུས་མཚོན་པའི་དྲག་པོའི་སྟོབས་ཤུགས་ཇེ་ཆེར་གཏོང་གི་ཡོད་པའི་ཐད་ གྲོས་བསྡུར་བྱ་རྒྱུའི་ཆེད་དུ་ མཱ་ལཱེ་ཤི་ཡེའི་རྒྱལ་སྲུང་བློན་ཆེན་ཧི་ཤཱ་མུ་དྷིན་ ཧུ་སེན་གྱིས་ གཟའ་འཁོར་རྗེས་མ་ ཨཽ་སི་ཀྲེ་ལི་ཡེའི་རྒྱལ་སྲུང་བློན་ཆེན་དང་མཇལ་འཕྲད་གནང་རྒྱུ་མ་ཟད་ བདག་དབང་རྩོད་གླེང་བྱེད་མཁན་རྒྱལ་ཁབ་གཞན་ཕྷི་ལི་པིན་དང་ ཝེ་ཏི་ནམ་བཅས་དང་ཡང་གྲོས་མོལ་བྱ་རྒྱུ་ཡིན་ཞེས་ རེས་གཟའ་ཟླ་བའི་ཉིན་བརྗོད་ཡོད་འདུག་ དེ་ཡང་ ཧི་ཤཱ་མུ་དྷིན་གྱིས་གསར་འགོད་པ་རྣམས་ལ་གཏམ་བཤད་གནང་སྟེ་ རྒྱ་ནག་གཞུང་གིས་དེ་སྔ་རྩོད་གླེང་ཡོད་པའི་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཁག་གི་ནང་ དམག་དོན་གྱི་ལས་འགུལ་སྤེལ་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་ཀྱང་ ད་ཆ་དེར་སོར་གནས་མ་བྱས་པར་ སི་པཊ་ལི་གླིང་ཚོམ་གྱི་ནང་ དམག་མཁོའི་ཡོ་ཆས་གྲབས་གཤོམས་བྱས་ཡོད་པའི་སྐོར་ང་ཚོར་གནས་ཚུལ་འབྱུང་ཁུངས་མང་པོ་ཞིག་གི་ས་ནས་གནས་ཚུལ་རག་སོན་བྱུང་བ་དེ་ཚོ་ གལ་ཏེ་བདེན་པ་ཡིན་ན་ ང་ཚོས་ཀྱང་དེ་ལ་གཞིགས་པའི་བྱ་ཐབས་ཤིག་ལག་བསྟར་མི་བྱ་ཐབས་མེད་ཆགས་ཀྱི་ཡོད་སྟབས་ དེའི་ཐད་གྲོས་བསྡུར་བྱ་རྒྱུའི་ཆེད་དུ་ངས་ཨཽ་སི་ཀྲེ་ལི་ཡེའི་རྒྱལ་སྲུང་བློན་ཆེན་མཱ་རི་སི་ པྷེན་དང་མཇལ་འཕྲད་གྲོས་མོལ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་ཡོད་པ་རེད།

XS
SM
MD
LG