ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀིམ་གྱིས་རྡུལ་ཕྲན་འབར་མདེལ་ཚོད་ལྟ་མང་ཙམ་བྱོས་ཞེས་བཀའ་བཏང་བ།


ཉེ་དུས་ཤིག་ནས་བྱང་ཀོ་རི་ཡའི་གཞུང་གིས་རྒྱལ་ཁབ་དེའི་ཆེས་མཐོ་འགོ་ཁྲིད་ཀིམ་ཇུང་ཨུན་བྱང་ཀོ་རི་ཡའི་རྡུལ་ཕྲན་མེ་ཤུགས་འཕུར་མདའི་ཚོད་ལྟ་ཞིག་ལ་གཟིགས་ཞིབ་ཏུ་ཕེབས་པའི་བརྙན་པར་སྟོན་རྒྱུ་མང་དུ་སོང་ཡོད་ཅིང་། ཁ་སང་གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡས་འཕེན་རྒྱང་ཐུང་བའི་མེ་ཤུགས་འཕུར་མདའ་གཉིས་ཚོད་ལྟ་བྱས་ཏེ། མེ་ཤུགས་འཕུར་མདའ་དེ་དག་སྤྱི་ལེ་༥༠༠་ཙམ་གྱི་མཚམས་སུ་མཚོ་ནང་དུ་ལྷུང་རུང་། དེ་རིང་གཟའ་པ་སངས་ཉིན་བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། ཁོ་ཚོའི་བརྩེ་བའི་བློ་མཐུན་ཀིམ་ཇུང་ཨུན་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་ནུས་པ་ངེས་པར་དུ་ཡར་རྒྱས་བཏང་སྟེ། བྱང་ཀོ་རི་ཡས་རྡུལ་ཕྲན་འབར་མདེལ་གསར་པ་ཞིག་བཟོ་ཐུབ་ཡོད་པ་དེའི་ནུས་པ་ཡར་རྒྱས་གཏོང་བར་ཚོད་ལྟ་མང་ཙམ་བྱ་དགོས་པ་དང་། བྱང་ཀོ་རི་ཡའི་དམག་གིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་དམག་འཁྲུག་གི་གྲ་སྒྲིག་བྱ་དགོས་པའི་བཀོད་འདོམས་བྱས་སོང་ཞེས་གསར་འགྱུར་སྤེལ་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG