ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་འཇིགས་སྐུལ་སྔོན་འགོག་གི་གནས་ཚུལ་བསྡུ་རུབ།


རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་ཞི་བདེ་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ཨང་དང་པོ་ཡིན། རྒྱལ་ཁབ་ལ་ཞི་བདེ་བརྟན་ལྷིང་མེད་པར་དཔལ་འབྱོར་དང་མི་དམངས་ཀྱི་འཚོ་བ་ཡར་རྒྱས་འགྲོ་ཐུབ་ཐབས་ཅེས་དྲིལ་བསྒྲགས་བྱས་ཏེ། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་གཞུང་གིས་མང་ཚོགས་ཀྱི་གནས་ཚུལ་ཡོད་དོ་ཅོག་བསྡུ་རུབ་བྱས་ནས་གློག་འཕྲུལ་ཅན་དུ་སྒྱུར་གྱི་ཡོད་ཅིང་། དཔེར་ན་རྒྱ་ནག་གི་སྤྱི་དམངས་མི་གང་ཞིག་གིས་ལས་རིགས་ཅི་ཞིག་གཉེར་གྱི་ཡོད་མེད་དང་མི་དེའི་དགའ་ཕྱོགས་ཅི་ཡིན། མི་དེའི་འཚོ་བ་སྐྱེལ་སྟངས་དང་རྒྱུན་ལྡན་གྱི་གོམས་སྲོལ། མི་དེར་དངུལ་ཁང་ནང་དུ་དངུལ་སྒོར་ཅི་ཙམ་ཡོད་མེད་དང་ཉོ་ཅ་རྒྱག་སྟངས་སོགས་ཐོ་བརྒྱབ་སྟེ། མི་དེ་འཇིགས་སྐུལ་རིང་ལུགས་དང་སྲིད་གཞུང་མགོ་རྟིང་སློག་ཐབས་ཀྱི་ལས་འགུལ་ཁག་ལ་ཞུགས་རྒྱུ་ཡིན་མིན་སྔོན་ནས་ཚོད་དཔག་བྱ་ཐུབ་པའི་གནས་ཚུལ་བསྡུ་རུབ་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG