ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ།


བྱང་ཀོ་རི་ཡའི་རྒྱལ་ས་ཕིང་དབྱང་ལ་མཛད་སྒོ་ཆེན་པོ་ཞིག་ཚོགས་ཏེ། ཀིམ་ཇུང་ཨུན་གྱིས་བྱང་ཀོ་རི་ཡའི་ཡང་རླུང་འབར་མདེལ་བཟོ་མཁན་རྡུལ་ཕྲན་ཚན་རིག་པ་དང་འཕྲུལ་རིག་ལག་རྩལ་པ། བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་དང་ངལ་རྩལ་མི་དམངས། ལྷག་པར་དུ་རྒྱལ་ཁབ་དེའི་དམག་སོགས་བྱས་རྗེས་ཅན་གྱི་མི་སྣ་ཁག་ཅིག་ལ་རྟགས་མ་སྤྲད་དེ། ཉེ་ཆར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཞིག་ཚོད་ལྟ་བྱས་པ་ཡང་རླུང་འབར་མདེལ་ཡིན། ད་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་རིམ་པ་གསར་པ་ཞིག་ལ་བསླེབས་ཡོད་ཅེས་གཏམ་བཤད་བྱས་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་སྣོན་མ་གཅོད་དགོས་པའི་གྲོས་ཆོད་བཞག་ཡོད་ཅིང་། ཕྱི་ཟླ་༣་ཚེས་༨་ཉིན་རྒྱ་ནག་གིས་རང་གི་བྱང་ཤར་ས་ཁུལ་གྱི་གྲུ་ཁ་ཁག་ལ་བྱང་ཀོ་རི་ཡའི་དོ་སྐྱེལ་གྲུ་གཟིངས་ཡོང་མི་ཆོག་པའི་བཀག་སྡོམ་བྱས་ཡོད་པ་དང་། ལྷོ་ཀོ་རི་ཡའི་གཞུང་གིས་ཀྱང་བྱང་ཀོ་རི་ཡའི་དམག་དོན་ལ་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་ཁག་དང་མི་སྒེར་པ་ཁག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་བྱས་འདུག

XS
SM
MD
LG