ཨ་རིའི་ཝི་སི་ཀོན་སེན་མངའ་སྡེར་རྟེན་གཞི་བྱེད་པའི་བོད་ཀྱི་ཤ་བ་ཚལ་ནང་པའི་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིའི་མ་ཡོ་སྨན་ཁང་ནས་ཐོན་ཏེ། བོད་པའི་དགོན་པ་དེར་ཆིབས་སྒྱུར་བསྐྱངས་ནས་མང་ཚོགས་ལ་གསུང་ཆོས་གནང་སྟེ་བསྐྱར་དུ་མཛད་འཆར་ཁག་དབུ་འཛུགས་གནང་ཡོད་པ་རེད། །