ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བྱང་ཀོ་རི་ཡས་སྔོན་ལ་རྡུལ་ཕྲན་མཚོན་ཆས་ཕར་རྒོལ་བྱ་རྒྱུའི་སྡིགས་ར་བསྐུལ་པ།


ད་ལྟ་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོར་དམག་འཁྲུག་གི་ཛ་དྲག་ལངས་ཡོད་པའི་མཚམས་འདིར་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ལོ་འཁོར་མཉམ་འབྲེལ་དམག་སྦྱོང་བྱེད་ཀྱི་ཡོད་པ་དང་། ད་ལོའི་དམག་སྦྱོང་དེ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་སྔོན་ཆད་བྱས་མྱོང་མེད་པའི་དམག་སྦྱོང་ཆེན་པོ་ཞིག་ཡིན་པས། བྱང་ཀོ་རི་ཡས་རང་ལ་ཚུར་རྒོལ་མ་བྱུང་གོང་དུ་རྡུལ་ཕྲན་མཚོན་ཆས་སྔོན་ལ་ཕར་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་ཡོད་ཅིང་། ཉེ་ཆར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པ་དང་། ད་དུང་འཁོར་སྐར་ཞིག་བར་སྣང་ཁམས་ལ་བཏང་ནས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་སླར་ཡང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་སྣོན་མ་ཞིག་བཙན་འགེལ་བྱ་དགོས་པའི་ཐག་གཅོད་བྱས་འདུག ༢༠༡༥་ལོའི་ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་མཉམ་འབྲེལ་དམག་སྦྱོང་འདིར་ཨ་མི་རི་ཀའི་དམག་༡༧༠༠༠་དང་ལྷོ་ཀོ་རི་ཡའི་དམག་འབུམ་གསུམ་མཉམ་ཞུགས་བྱས་ཏེ། ཁོ་ཚོས་སྐམ་མཚོ་གནམ་གསུམ་ནས་དུས་གཅིག་ཏུ་འཐབ་འཁྲུག་ཇི་ལྟར་རྒྱག་དགོས་མིན་སྦྱོང་བརྡར་བྱེད་ཀྱི་ཡོད་པ་དང་། དེ་རིང་གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡའི་རྒྱལ་སྲུང་ལྷན་ཁང་གིས་ང་ཚོས་དྲང་བདེན་དང་རླབས་ཆེན་གྱི་དམག་འཁྲུག་ཅིག་བརྒྱབ་སྟེ་ལྷོ་བྱང་ཀོ་རི་ཡ་གཉིས་གཅིག་གྱུར་བྱ་རྒྱུའི་གྲ་སྒྲིག་ཡོད། ང་ཚོའི་དགྲ་བོ་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་གི་ངོ་བོ་དེ་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆས་ཚུར་རྒོལ་བྱ་རྒྱུའི་དམག་སྦྱོང་ཞིག་ཡིན། དེར་བརྟེན་ང་ཚོར་ཚུར་རྒོལ་མ་བྱུང་གོང་དུ་བྱང་ཀོ་རི་ཡའི་དམག་གིས་རྡུལ་ཕྲན་མཚོན་ཆས་ཕར་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་སྡིགས་ར་བསྐུལ་ཡོད་པ་རེད།།

XS
SM
MD
LG