ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བྱང་ཀོ་རི་ཡར་འབྲེལ་བ་ཡོད་པའི་གྲུ་གཟིངས་ཤིག་ལ་ཧྥི་ལི་ཕིན་གྱིས་སྔོག་བཤེར།


བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ཁང་གིས་ཉེས་ཆད་ལྕི་བོ་འགེལ་རྒྱུའི་ཐག་གཅོད་བྱུང་བ་ནས་བཟུང་། བྱང་ཀོ་རི་ཡར་འབྲེལ་བ་ཡོད་པའི་གྲུ་གཟིངས་ཤིག་ལ་ཧྥི་ལི་ཕིན་གྱིས་སྔོག་བཤེར་བྱས་པ་ཐེངས་དང་པོ་དེར་གྱུར་ཡོད་ཅིང་། ཧྥི་ལི་ཕིན་གྱི་མཚོ་ཁ་སྐོར་གཡེང་བས་བྱང་ཀོ་རི་ཡའི་གྲུ་གཟིངས་དེར་དངོས་ཟོག་ཅི་ཞིག་འོར་འདྲེན་བྱེད་ཀྱི་ཡོད་མེད་རྟོག་ཞིབ་བྱས་ཡོད་པ་རེད།།

XS
SM
MD
LG