ངོ་འཕྲད་བདེ་བའི་དྲ་འབྲེལ།

རེས་གཟའ་པ་སངས་ཀྱི་ཕྱི་དྲོར་དཀར་མཛེས་ཁུལ་ཉག་རོང་རྫོང་། མཚོ་ཁ་ཨརྱ་གླིང་དགོན་པའི་གྲྭ་བ་སྐལ་བཟང་དབང་འདུས་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་གྲོངས་ཡོད་ཅིང་། ཡང་ཚེས་གཅིག་ཉིན་མདོ་སྨད་རྔ་པ་རྫོང་དུ་བུ་མེད་གཅིག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཞིག་གནམ་ལ་འཕྱར་ནས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་བཙན་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བྱས་ནས་འཛིན་བཟུང་བྱས་ཡོད་པ་རེད།།

XS
SM
MD
LG