ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཁེ་ལིན་ཊོན་དང་ཊི་རམ་ཕུ་གཉིས་ལ་གཟའ་མིག་དམར་ཉིན་རྒྱལ་ཀ་ཐོབ་པ།


ཁ་སང་ཕྱི་ཟླ་༣་ཚེས་༡་ཉིན་ཨ་མི་རི་ཀའི་མངའ་སྡེ་ཁག་༡༢་ལ་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་ཚོར་སྔོན་འགྲོའི་འོས་ཤོག་འཕངས་ཏེ། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་ཌོ་ནལ་ཊི་རམ་ཕུ་དང་། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་བྱེད་མཁན་གཙོ་བོ་སྟེ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཊོན་ལ་གཉིས་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་ཅིང་། ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཊོན་ལ་ཨ་རིའི་ཊེ་ནི་སི་དང་ཨ་ལ་བྷ་མ། འཇོར་འཇི་ཡ་དང་ཨར་ཁན་སོ། ཝྭིར་འཇི་ཎི་ཡ་དང་ཊེཀ་སི་སི། མེ་སེ་ཆུ་སེ་ཊི་སི་བཅས་མངའ་སྡེ་ཁག་༧་གྱི་ནང་དུ་སྔོན་འགྲོའི་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་དང་། ཁོང་གི་ཁ་གཏད་པ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་གཞན་པ་སྟེ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བྷར་ཎི་སན་ཌར་ལ་ཝྭར་མོན་ཊི་དང་ཨོཀ་ལོ་ཧོ་མ། མེ་ཎི་སོ་ཌ་དང་ཁོ་ལོ་ར་ཌོ་བཅས་མངའ་སྡེ་ཁག་བཞིའི་ནང་དུ་སྔོན་འགྲོ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་མ་ཟད། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་གཙོ་བོ་ཌོ་ནལ་ཊི་རམ་ཕུ་ལ་ཨར་ཁན་སོ་དང་འཇོར་འཇི་ཡ། ཨ་ལ་བྷ་མ་དང་ཊེ་ཎི་སི། ཝྭིར་འཇི་ཎི་ཡ་དང་ཝྭར་མོན་ཊི། མེ་སི་ཆུ་སེ་ཊི་སི་བཅས་མངའ་སྡེ་ཁག་བདུན་གྱི་ནང་དུ་སྔོན་འགྲོའི་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་དང་། ཁོང་གི་ཁ་གཏད་པ་ཊེ་ཊི་ཁུ་རུ་ཟི་ལ་ཊེཀ་སི་སི་དང་ཨོཀ་ལོ་ཧོ་མ། ཨ་ལ་སི་ཁ་བཅས་མངའ་སྡེ་ཁག་གསུམ་གྱི་ནང་དུ་སྔོན་འགྲོའི་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་དང་། མར་ཁོ་རུ་བིའོ་ལ་མེ་ཎི་སོ་ཌ་མངའ་སྡེ་གཅིག་པུའི་ནང་དུ་སྔོན་འགྲོའི་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG