ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་དྲིལ་བཀའ་བློན་གྱིས་གློ་བུར་དུ་དགོངས་པ་ཞུས་ཏེ་སྲིད་སྐྱོང་ནས་ཕྱི་དྲིལ་བཀའ་བློན་གྱི་ལས་འགན་གཅིག་ལྕོགས་བཞེས་རྒྱུ།


སྤྱི་ཚེས་༢༨ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ནས་གློ་བུར་དུ་དགོངས་པ་ཞུས་གནང་བའི་གསལ་བསྒྲགས་ཤིག་ཡིག་ཐོག་ནས་སྤེལ་ཡོད་ཅིང་།

གསར་འགོད་པའི་ཁྲོད་ངག་ཐོག་ནས་དགོངས་ཞུ་གནང་སྐོར་གསུངས་པའི་སྐབས་ད་རེས་ཐག་བཅད་པ་འདི་གནས་ཚུལ་ཆུང་ཆུང་ཞིག་མ་རེད། ང་རང་ངོས་ནས་བསམ་བློ་རྒྱུན་རིང་པོ་མང་པོ་ཞིག་བཏང་ནས་ཐག་བཅད་པ་ཞིག་ཡིན་ཞེས་ཞུ་རྒྱུ་ཡིན། འདི་ཐག་བཅད་པའི་སྐབས་ལ་གཙོ་བོ་ང་རང་སྒེར་གྱི་གནས་ཚུལ་ཕར་བཞག་ནས་སྤྱི་པར་བསམ་བློ་བཏང་སྟེ་ཐག་བཅད་པ་ཞིག་ཡིན་ཞེས་ངག་ཐག་ནས་འགྲེལ་བརྗོད་གནང་ཡོད།

ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱང་མཆོག་ནས་དགོངས་པ་ཞུས་གནང་བའི་རྗེས་བཀའ་ཤག་གི་གསལ་བསྒྲགས་སྤེལ་ཡོད་པའི་ནང་དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་ཡིག་ཐོག་ཏུ་ང་རང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་གནང་བའི་ཆེད་དུ་ཡིན་སྐོར་དང་།

ཞལ་ཐོག་ནས་བཀའ་བློན་ཡིན་མུས་ཐོག་ད་ལྟ་འགྲོ་བཞིན་པའི་འོས་བསྡུ་ཆེན་མོའི་ བགྲོ་གླེང་ལས་རིམ་ཁག་ནང་མཉམ་ཞུགས་མི་ཐུབ་པས་དེ་ལྟར་ཐུབ་པའི་ཆེད་དུ་ཡིན་ སྐོར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་སྙན་ཞུ་གནང་སྐོར་བཀོད་འདུག ཡང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བརྙན་པར་ཐོག་དེའི་སྐོར་གསུངས་པའི་ནང་༧གོང་ས་མཆོག་གིས་གསོལ་རས་གནང་བའི་དམངས་གཙོ་འདིའི་ནང་ལ་སུའི་ཆ་ཤས་ལེན་པ་ཡིན་ན་ཡང་འདི་གཏམ་བརྗོད་ཀྱི་རང་དབང་རེད།

དེར་བརྟེན་ཕྱི་དྲིལ་བཀའ་བློན་གྱིས་ཆ་ཤས་ལེན་རྒྱུ་འདི་ཡང་ཁོང་རང་གི་གཏམ་བརྗོད་ཀྱི་རང་དབང་ཆགས་ཀྱི་ཡོད་ཅེས་དང་། བཀའ་ཤག་གིས་ཐུགས་ཐག་བཅད་པར་གནས་སྐབས་རིང་སྲིད་སྐྱོང་གིས་ཕྱི་དྲིལ་བཀའ་བློན་གྱི་འགན་འཁུར་རྒྱུའི་ཐུགས་ཐག་བཅད་པ་རེད་ཅེས་བརྙན་པར་ནང་གསུངས་འདུག

XS
SM
MD
LG