ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྲུང་སྐྱོབ་ཡོ་བྱད་འཛུགས་རྒྱུ།


རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དེ་ཉིད་དམག་དོན་བསྟི་གནས་ཤིག་ལ་བསྒྱུར་དགོས་དོན་དང་། རྒྱ་སྐད་ལ་ཤཱི་ཧྲ་གླིང་ཚོམ་ཟེར་པ་དེར་མི་དམངས་བཅིངས་འགྲོལ་དམག་གིས་མཚོ་དམག་བཏང་ནས་སྐོར་གཡེང་བྱེད་དོན་དེ་ཨ་མི་རི་ཀའི་ཉེན་ཀ་འགོག་པའི་ཆེད་དུ་ཡིན། རྒྱ་ནག་གི་མངའ་ཁོངས་སུ་གཏོགས་པའི་ས་ཐོག་ཏུ་ཞི་དྲག་གཉིས་ལ་མཁོ་བའི་ཡོ་བྱད་ཅི་ཞིག་འཛུགས་འཇོག་བྱ་འདོད་ཡོད་ཀྱང་རྒྱ་ནག་གི་འདོད་ཡིན་ཞེས་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་འདུག་ཅིང་། བདུན་ཕྲག་སྔོན་མ་ནས་ལྷོ་རྒྱ་ནག་རྒྱ་མཚོ་བརྩད་ནས་རྒྱ་ནག་དང་ཨ་མི་རི་ཀ་རྩོད་པ་ཐེངས་འགའ་ཞིག་བྱུང་སྟེ། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་འཛུགས་སྐྲུན་བྱས་པའི་གླིང་ཕྲན་ཐོག་ཏུ་ཡར་ཐོན་གྱི་མེ་ཤུགས་འཕུར་མདའ་དང་འཐབ་འཛིན་གནམ་གྲུ། རེ་ཌར་འཕྲུལ་ཆས་སོགས་འཛུགས་འཇོག་བྱས་ཡོད་པ་རེད།

XS
SM
MD
LG