ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རེན་ཀྲི་ཅང་གིས་ཞཱི་ཅིང་ཕིང་གི་གཏམ་བཤད་ལ་སྐྱོན་བརྗོད་བྱས་པར་ཁ་བརྡུང་རག་ཡོད་པ།


གཏམ་བཤད་འཛེམ་ཟོན་མེད་པར་བྱེད་མཁན་ ས་ཁང་གི་བདག་པོ་རྒྱ་རིགས་འབྱོར་ལྡན་ཞིག་གིས་ རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ལ་དམ་དྲག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ སྲིད་འཛིན་ཞཱི་ཅིང་ཕིང་གིས་གཞུང་གཉེར་གསར་ཁང་ཁག་ལ་ལྟ་སྐོར་བྱས་པ་བཅས་ལ་སྐྱོན་བརྗོད་བྱས་པར་ གཞུང་གཉེར་གསར་ཁང་ཞིག་གིས་ཁ་བརྡུང་བཏང་ཡོད་པའི་གནས་ཚུལ་ཐོན་འདུག་ དེ་ཡང་ རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་གིས་ གཞུང་གཉེར་གསར་སྤེལ་ཁང་ཤིན་ཧོ་འཱ་དང་ གཞུང་གཉེར་བརྙན་འཕྲིན་ཁང་སི་སི་ཏྲི་ཝི་ དེ་བཞིན་ དམར་ཤོག་ཚོགས་པའི་མགྲིན་ཚབ་ མི་དམངས་ཉིན་རེའི་ཚགས་པར་བཅས་ལ་ རེས་གཟའ་པ་སངས་ཉིན་ ལྟ་སྐོར་ལ་བསྐྱོད་ཏེ་ གསར་འགྱུར་འགོད་སྤེལ་བྱེད་པའི་སྐབས་ དམར་ཤོག་ཚོགས་པའི་ལང་ཕྱོགས་ཀྱི་རྗེས་སུ་འབྲངས་ཏེ་ བཟང་ཕྱོགས་ཀྱི་གནས་ཚུལ་འགོད་རྒྱུ་གཙོ་བཟུང་བྱས་པའི་ཐོག་ ཚོགས་པའི་འདོད་འདུན་གསལ་བརྗོད་བྱས་ཏེ་ ཚོགས་པའི་འགན་དབང་དང་ ཆིག་བསྒྲིལ་གྱི་སྟོབས་ཤུགས་སྲུང་སྐྱོབ་བྱེད་དགོས་པ་ཡིན་ཞེས་བཀོད་ཁྱབ་བཏང་ཡོད་པ་རེད་ མིང་འདོགས་ལ་༼མེ་སྒྱོགས་༽དང་ ཡང་ རྒྱ་ནག་གི་ཌོ་ནཱལྜ་ ཊི་རམ་ཡང་ཟེར་བ་ རེན་ཀྲི་ཅང་ནི་ གནད་དོན་གང་གི་ཐད་ལའང་ བསམ་ཚུལ་འཛེམ་ཟོན་མེད་པར་བརྗོད་མཁན་ཞིག་ཡིན་ཞིང་ ཁོང་གིས་ ཞཱི་ཅིང་ཕིང་གི་གོང་གི་གཏམ་བཤད་དེ་ལ་སྐྱོན་བརྗོད་བྱས་ཏེ་ མི་དམངས་ཀྱི་སྲིད་གཞུང་དེ་ ཚོགས་པའི་གཞུང་ཞིག་ལ་ག་དུས་འགྱུར་བ་རེད་དམ་ཞེས་འདྲི་བ་བཀོད་པ་དང་འབྲེལ་ མང་ཚོགས་ཀྱི་ས་ནས་ཁྲལ་བསྡུས་པའི་གཞུང་གི་དངུལ་དེ་དག་ མང་ཚོགས་ལ་ཕན་པའི་ཞབས་ཞུའི་ཐོག་མི་གཏོང་བར་ དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ཀྱི་ཆེད་དུ་གཏོང་རྒྱུའི་དབང་ཆ་སུས་སྤྲད་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG