ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༣/༠༦/༠༣

རྒྱ་ནག་གིས་ལོ་ལྔའི་ནང་གོ་མཚོན་ཚོང་འགྲེམས་མང་ཏུ་ཕྱིན་ཡོད་པ།


འདས་པའི་ལོ་ལྔའི་ནང་རྒྱ་ནག་གིས་གོ་མཚོན་ཕྱིར་ཚོང་བྱས་པའི་གྲངས་ཐོ་དེ་ལྡབ་འགྱུར་གྱི་མང་དུ་ཕྱིན་ཡོད་པ་རེད་ཅེས་རེས་གཟའ་ཟླ་བའི་ཉིན་དམག་དོན་དཔྱད་ཞིབ་པ་ཚོས་བརྗོད་འདུག༌པར་བརྟེན་རྒྱ་ནག་དེ་བཞིན་འཛམ་གླིང་ནང་གོ་མཚོན་ཕྱིར་ཚོང་མང་ཤོས་བྱེད་མཁན་ཨང་གསུམ་པ་དེ་ཆགས་ཡོད་པ་རེད། ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ ལོ་བར་རྒྱ་ནག་གིས་ཕྱི་ཁག་ནས་གོ་མཚོན་ཉོ་རྒྱུ་བརྒྱ་ཆ་ ༢༥ མར་ཆག་ཡོད་པ་དེ་ནི་རྒྱ་ནག་རང་ཉིད་ཀྱིས་བཟོ་སྐྲུན་བྱས་པའི་གོ་མཚོན་དེ་དག་ལ་གདེང་འཇོག་ཆེན་པོ་བྱེད༌ཀྱི་ཡོད་པའི་རྟགས་མཚན་གསལ་པོ་འདུག་ཅེས་རྒྱལ་སྤྱིའི་ཞི་བདེའི་ཉམས་ཞིབ་ཁང་གིས་འཛམ་གླིང་ཡོངས་ཀྱི་གོ་མཚོན་ཕྱིར་ཚོང་ལ་ཞིབ་འཇུག་བྱས་པའི་སྙན་ཐོའི་ནང་གསལ་སྟོན་བྱས་ཡོད་པའི་སྐོར་གསར་

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


འགྱུར་བརྒྱུད་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཕྱོགས་བསྡུས་ཞིག་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་། །སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG